འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།“ཆེས་མཐོའི་ཁང་གཉིས”ཀྱིས་དབུགས་མདའི་ཉེན་དོན་གྱོད་གཞི་དང་འབྲེལ་བ་ཡོད་
    པའི་ཉེས་ཚབས་ཆེ་ཆུང་གཏན་འཁེལ་གྱི་ཚད་གཞི་ཁ་གསལ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་དུ་《དབུགས་བཙིར་སྒུལ་ཤུགས་ཅན་གྱི་མེ་མདའ་དང་ཞ་ཉེའི་མདེའུ་ཡི་དབུགས་མདའ་བརྒྱབ་པའི་ཉེས་དོན་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞིའི་ཉེས་ཚབས་ཆེ་ཆུང་གཏན་འཁེལ་གནད་དོན་སྐོར་གྱི་མཆན་བཀོད་བཀའ་ལན་》(གཤམ་དུ《མཆན་བཀོད་བཀའ་》ཞེས་པར་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པའི་ནང་། དབུགས་བཙིར་སྒུལ་ཤུགས་ཅན་གྱི་མེ་མདའ་དང་ཞ་ཉེའི་མདེའུ་ཡི་དབུགས་མདའ་བརྒྱབ་པའི་ཉེས་དོན་གྱོད་གཞིའི་ཉེས་ཚབས་ཆེ་ཆུང་གཏན་འཁེལ་གྱི་གནད་དོན་ཐད་གཏན་འབེབས་ཁ་གསལ་བྱས་པ་རེད།
         《མཆན་བཀོད་བཀའ་ལན་》ནང་། དབུགས་བཙིར་སྒུལ་ཤུགས་སུ་བྱེད་པའི་ཁར་ཤུགས་ཅུང་ཆུང་བའི་མེ་མདའ་ཁྲིམས་འགལ་ངང་བཟོ་བ་དང་། ཉོ་ཚོང་། དབོར་འདྲེན། སྦྲག་བསྐུར། ཉར་ཚགས། འཁྱེར་བ། ལྐོག་ཉར། ལྐོག་ཚོང་བཅས་ཀྱི་བྱེད་སྤྱོད་རིགས་ལ་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་མིན་གཏན་འཁེལ་དང་དེའི་ཉེས་ཚབས་ཆེ་ཆུང་ཇི་ལྟར་ཐག་གཅོད་བྱེད་པའི་ཐད། གྱོད་གཞི་དང་འབྲེལ་བའི་མེ་མདའི་ཁ་གྲངས་མང་ཉུང་ལ་ངེས་པར་དུ་བསམ་གཞིག་བྱེད་དགོས་པ་མ་ཟད། གྱོད་གཞི་དང་འབྲེལ་བའི་མེ་མདའི་བཟོ་ལྟ་དང་། རྒྱུ་ཆ། མདེའུ། ཉོ་ཡུལ། ཐབས་ལམ།
    རིན་གོང་། སྤྱོད་ཡུལ། རྨས་སྐྱོན་ཆེ་ཆུང་བཅས་དང་དེ་བཞིན་བཟོ་བཅོས་བརྒྱབ་ནས་རྨས་སྐྱོན་ཕོག་ཚད་ཆེ་རུ་བཏང་ཡོད་མིན་དང་བྱ་སྤྱོད་རྩོམ་མཁན་གྱི་རང་བློའི་ངོས་འཛིན་དང་།
         ཀུན་སློང་དམིགས་ཡུལ། དུས་རྒྱུན་གྱི་བྱེད་སྟངས། ཁྲིམས་འགལ་ངང་རག་པ། བརྟག་དཔྱད་ལ་གཡོལ་ཡོད་མེད་སོགས་ཀྱི་གནས་ཚུལ་ལའང་བསམ་གཞིག་གང་ལེགས་བྱས་ནས་ཕྱོགས་བསྡུས་ངང་སྤྱི་ཚོགས་ཀྱི་གནོད་འཚེའི་རང་བཞིན་ལ་ཚོད་སྐོར་བྱེད་པའི་ཁར་རང་ངོས་དང་གཞན་ངོས་གཉིས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ནས་ཉེས་པ་དང་ཉེས་ཁྲིམས་འཚམ་མཐུན་ཡོང་བ་བྱེད་དགོས་པའི་གཏན་འབེབས་ཁ་གསལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།