འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚོང་དོན་པུས་ཚོང་དོན་སྐུལ་སྤེལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་རྒྱ་གར་དུ་དཔལ་འབྱོར་
    ཚོང་དོན་སྤེལ་རེས་བྱེད་སྒོ་སྤེལ་བར་བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་28ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ནས་27ཉིན་བར་ཀྲུང་གོ་ཚོང་དོན་པུས་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་རྒྱ་གར་དུ་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོ་སྤེལ་བར་བསྐྱོད་ནས་ཀྲུང་གོ་དང་རྒྱ་གར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོའི་ཚོང་དོན་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་རེད། ཚོང་དོན་སྐུལ་སྤེལ་ཚོགས་པའི་ཁོངས་མི་ནི་ཡང་བའི་འཁེལ་འཐག་བཟོ་ལས་དང་། སྨན་དང་སྨན་བཅོས། ཞིང་ལས་ཐོན་ཟོག རྡོ་སྣུམ་རྫས་འགྱུར། ཚོང་དོན་སོགས་ལས་རིགས་ཁེ་ལས་ཀྱི་འཐུས་མི་30ལྷག་ཙམ་ལས་གྲུབ་པ་ཞིག་ཡིན།
         ཟླ་3ཚེས་24ཉིན་གྱི་ཕྱི་དྲོ། ཚོང་དོན་པུའུ་དང་རྒྱ་གར་ཚོང་དོན་བཟོ་ལས་པུས་རྡི་ལི་གསར་པར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཆེད་དོན་འོས་སྦྱོར་དང“ཀྲུང་གོ་དང་རྒྱ་གར་གྱི་ཚོང་དོན་རྣམ་གྲངས་གན་འཇོག་མཛད་སྒོ”མཉམ་འབྲེལ་ཐོག་སྤེལ་བ་དང་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་དང་། ལས་རིགས་མཐུན་ཚོགས། ཁེ་ལས་ཀྱི་འཐུས་མི་བཅས་མི་120ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་སིའི་སི་ཀྲང་རེན་ཧུང་པིན་དང་། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་ལི་པི་ཅན། རྒྱ་གར་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་སོགས་བྱེད་སྒོར་ཞུགས་པ་དང་འབྲེལ་ཁག་སོ་སོས་ཤིས་ཚིག་གསུངས་གནང་བ་རེད།
         ད་ཐེངས་ཀྱི་བྱེད་སྒོའི་ནང་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་ཁྱོན་ཚོང་དོན་གྲོས་མཐུན་101ལ་མིང་རྟགས་བཀོད་པ་དང་གན་རྒྱའི་དངུལ་འབོར་ཨ་སྒོར་དུང་ཕྱུར་23.68ཟིན་པ་དེ་ཇ་པ་ཏི་དང་ཀོག་ཧྥེའི་སྲན་མ་སོགས་རྒྱ་གར་གྱི་ལེགས་ཆ་ལྡན་པའི་ཐོན་རྫས་མང་པོ་དང་འབྲེལ་བ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།