འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས"འཛམ་གླིང་གི་འདུས་འདྲིལ་གཅོང་ནད་འགོག་པའི་ཉིན་མོའི"དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་28ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱིས'འཛམ་གླིང་གི་འདུས་འདྲིལ་གཅོང་ནད་འགོག་པའི་ཉིན་མོའི'དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། “འཛམ་གླིང་གི་འདུས་འདྲིལ་གཅོང་ནད་འགོག་པའི་ཉིན་མོ”ཐེངས་23པར། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་སྨན་བཅོས་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་འབྲེལ་ཡོད་ཚན་པའི་ལས་དོན་མི་སྣས་ཁྲོམ་གཞུང་དུ་བསྐྱོད་དེ་མང་ཚོགས་ལ་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་ནས་འདུས་འདྲིལ་གཅོང་ནད་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། རང་རྒྱལ་གྱི་འདི་ལོའི“འཛམ་གླིང་གི་འདུས་འདྲིལ་གཅོང་ནད་འགོག་པའི་ཉིན་མོའི”བརྗོད་དོན་གཙོ་བོ་ནི“འདུས་འདྲིལ་གཅོང་ནད་མེད་པར་བཟོ་བའི་བྱ་སྤྱོད་སྤེལ་ཏེ་བདེ་ཐང་ཀྲུང་གོ་མཉམ་སྐྲུན་མཉམ་སྤྱོད་བྱེད”ཅེས་པ་དེ་ཡིན་ཞིང་། གོང་གི་པར་རིས་ནི་དེ་ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་སོགས་སྨན་བཅོས་ལས་ཁུངས་ཀྱི་ལས་དོན་མི་སྣས་གྲོང་མིར་འདུས་འདྲིལ་གཅོང་ནད་འགོག་བཅོས་ཤེས་བྱ་ངོ་སྤྲོད་བྱེད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།