འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འདི་ལོ་གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་540བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་28ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། གཞི་རིམ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་འདི་ལོ་གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་540བསྐྲུན་རྒྱུ་ཡིན་པ་རེད།
         2016ལོའི་ཟླ་8པར་མཚོ་སྔོན་གྱིས་གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་དངོས་སུ་བསྐྲུན་འགོ་ཚུགས་ཤིང་། 2017ལོར་ཞིང་ཆེན་དེས་མ་དངུལ་སྒོར་དུང་ཕྱུར་1.28བཏང་ནས་ཞིང་ཆེན་ནང་གི་རྫོང་32སུ་གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་874བསྐྲུན་པ་རེད།
         མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་སུ་གྲོང་གསེབ་ཀྱི་གར་སྟེགས་ཆུང་ཆུང་དང་། རིག་གནས་བྱེད་སྒོ་ཁང་། རིག་གནས་ལུས་རྩལ་ཐང་ཆེན་བཅས་ཡོད་པ་དང་འབྲེལ་རིག་གནས་ལུས་རྩལ་གྱི་རླུང་འཕྲིན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པས་དམངས་ཁྲོད་ཟློས་གར་ཚོགས་པར་འཁྲབ་སྟོན་བྱེད་ས་མཁོ་འདོན་བྱས་པ་མ་ཟད། བཅའ་ཁྲིམས་ཁྱབ་གདལ་དང་། ཚན་རིག་ཁྱབ་གདལ། རྩལ་ནུས་གསོ་སྦྱོང་སོགས་ཕྱོགས་མང་པོའི་ཞབས་ཞུ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།