འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭ་འདམ་གཤོང་སའི་འདྲེ་ཚེར་མའི་ཨ་རག་2018ལོའི་ཁྲེང་ཏུའི་དཔྱིད་དུས་ཀྱི་ཆང་སྟོན་ཐོག་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་28ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “འདྲེ་ཚེར་མའི་ཨ་རག་གི་བྲོ་བ་ཞིག་བལྟས་ན་འགྲིག་གམ། འདྲེ་ཚེར་མའི་ཨ་རག་དེ་གང་ནས་ཐོན་པ་རེད་དམ”ཞེས་ཉེ་ཆར་ཚྭ་འདམ་གཤོང་སའི་འདྲེ་ཚེར་མའི་ཨ་རག་སྤུས་རྟགས་ཆན་ཧྲེང་ཞེས་པ་དེ་2018ལོའི་ཀྲུང་གོ་ཁྲེང་ཏུའི་དཔྱིད་དུས་རྒྱལ་ཡོངས་ཀྱི་ཆང་སྟོན་ཚོང་འདུས་ཐོག་འགྲེམས་སྟོན་བྱས་པས་ཚོང་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།
         རྒྱལ་ཡོངས་ཆང་སྟོན་ཚོང་འདུས་དེར་ལས་རིགས་མི་སྣས“གནམ་འོག་གི་ཆང་སྟོན་དང་པོ”ཞེས་བརྗོད་ཀྱི་ཡོད། དུས་ཡུན་ཉིན་དྲུག་གི་འགྲེམས་ཚོགས་ཐོག་མཚོ་སྔོན་ཤིང་ནུའོ་འདྲེ་ཚེར་མ་ལས་རིགས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་སྐྱོན་བྲལ་ཨ་རག་དཀར་པོ་ཆན་ཧྲེང་འདྲེ་ཚེར་མ་ཐོག་མར་འགྲེམས་སྟོན་བྱས་པས་ཨ་རག་ཁེ་ལས་ཆེ་ཁག་དང་། ཚོང་པ། སྤྱི་ཚོགས་ལས་རིགས་ཁག་སོགས་ཀྱི་མི་ཆིག་སྟོང་ཙམ་གྱིས་ཨ་རག་དེའི་བྲོ་བ་མྱངས་པ་རེད།
         2016ལོར་བཙུགས་པའི་མཚོ་སྔོན་ཤིང་ནུའོ་འདྲེ་ཚེར་མ་ལས་རིགས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འདེབས་འཛུགས་རྟེན་གཞི་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཏུའུ་ལན་རྫོང་ནུའོ་མུ་ཧུང་ས་ཁུལ་དུ་གནས་ཤིང་། དེའི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་666.7ཟིན་པ་དང་འདྲེ་ཚེར་མ་འདེབས་གསོ་དང་། སྣོད་བཅུད་སྐྱེ་ལྡན་འདྲེ་ཚེར་མ་འདེབས་འཛུགས། ལག་རྩལ་གསར་སྤེལ། ཨ་རག་སྙོལ་བཟོ། འཕྲུལ་ཆས་ཅན་གྱི་ལྕགས་ཀྲིན་ནང་བླུགས་པའི་ཐོན་སྐྱེད། སྤུས་རྟགས་དོ་དམ། ཁྲོམ་རར་ཕྱིར་ཚོང་། དེང་རབས་ཟོག་འདྲེན། དྲ་ཐོག་ཚོང་དོན་བཅས་གཞི་གཅིག་ཏུ་བྱེད་པ་དང་ཆ་ཚང་ཞིང་སྐྱོན་བྲལ་གྱི་ཨ་རག་དཀར་པོ་ཐོན་སྐྱེད་འཁོར་འབྲེལ་བཀོད་པ་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཨ་རག་ལས་རིགས་ཀྱི་ཚོགས་པ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།