འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ས་མཐོའི་ཁུལ་དུ་དགུན་ཁ་དྲོ་པོ་ཐེངས་15པ་བསྐྱལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་28ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོ་དང་2018ལོའི་དགུན་ཁར་མཚོ་སྔོན་གྱི་ས་མཐོའི་ཡུལ་གྱི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་8.0ཡིན་པ་དེ་རྣམ་ཀུན་དང་བསྡུར་ན་ཧྲེ་ཧྲི་ཏུའུ་1.2ཀྱིས་མཐོ་ཞིང་། འདི་ནི་1986ལོར་མཚོ་སྔོན་གྱི་གནམ་གཤིས་ཇེ་དྲོར་སོང་ཚུན་གྱི་དགུན་ཁ་དྲོ་པོ་ཐེངས་15པ་དེ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་མ་ཀྲན་ལེའང་གིས་ངོ་སྤྲོད་བྱས་པ་ལྟར་ན། གནམ་གཤིས་ཀྱི་དོན་སྙིང་ངོས་ནས་བཤད་ན། ལོ་དེའི་དགུན་ཁའི་ཆ་སྙོམས་གནམ་གཤིས་དེ་རྣམ་ཀུན་གྱི་ལོ(ལོ་30ཙམ་གྱི་ལོ་རྒྱུས་ཀྱི་ཆ་སྙོམས་གྲངས་ཐང)དང་བསྡུར་ན་དགུན་ཁའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་0.5ཡན་ལས་མཐོ་བར་བརྟེན། “དྲོད་ཚད་འཕར་བའི་དགུན་ཁ”ཞེས་བརྗོད་ཆོག
         མ་ཀྲན་ལེའང་གིས་དྲོད་ཚད་འཕར་བའི་དགུན་ཁས་མཚོ་སྔོན་གྱི་ས་མཐོའི་ཡུལ་དུ་དགེ་མཚན་ལྡན་པའི་ཤུགས་རྐྱེན་བཟོས་ཡོད་པ་སྟེ། དཔེར་ན། གངས་སྐྱོན་ཐོན་དཀའ་བ་དང་། ཕྱུགས་ཟོག་རྣམས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པ། བགྲོད་ལམ་དུ་དར་ཆགས་དཀའ་བ། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཕན་པ་བཅས་ཡོད་ནའང་། དུས་ཡུན་རིང་པོར་གངས་མ་བབས་ན་ནགས་ཚལ་སྲུང་སྐྱོང་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།