འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱི་དཔལ་འབྱོར་གྱི་འཇིགས་སྐུལ་དང་བཙན་དབང་
    བྱེད་མཚམས་བཞག་ན་དགའ་ཞེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་28ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་དཔོན་རིགས་ཀྱིས“ཨ་རི་ཕྱོགས་དཔལ་འབྱོར་ཐད་གཉའ་ཆག་པའི་དུས་རབས་མཇུག་འགྲིལ་བའི”གཏམ་བརྗོད་སྤེལ་བར་དམིགས་ནས་ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱི་དཔལ་འབྱོར་གྱི་འཇིགས་སྐུལ་དང་བཙན་དབང་བྱེད་མཚམས་བཞག་ན་དགའ་ཞེས་ལན་བསྐྱོན་པ་རེད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་ཨ་རིའི་ཙུང་ཐུང་གཞོན་པས་ཨ་རིས་ནང་འདྲེན་བྱས་པའི་ཀྲུང་གོའི་ཐོན་རྫས་ལ་ཁྲལ་བསྡུའི་བྱ་ཐབས་གསར་པ་བཟོ་རྩིས་ཡོད་པའི་ཐོག་ནས་ཨ་རི་ཕྱོགས་དཔལ་འབྱོར་ཐད་གཉའ་ཆག་པའི་དུས་རབས་མཇུག་འགྲིལ་བ་མཚོན་ཡོད་ཅེས་བརྗོད་པ་དང་། ཨ་རིའི་ཚོང་དོན་པུའི་པུའུ་ཀྲང་གིས་མཐར་འབྲེལ་ཡོད་ཀྱི་གནད་དོན་ལ་གྲོས་མོལ་བྱ་རྒྱུ་ལས་གནད་དོན་དེའི་རྐྱེན་གྱིས་འཁྲུག་རྩོད་བྱ་རྒྱུ་མིན་ཞེས་བརྗོད་ཡོད། དོན་དེའི་ཐད་ཁྱེད་ཀྱིས་ལན་གང་ཞིག་བསྐྱོན་རྩིས་ཡོད་དམ་ཞེས་དྲིས་པར།
         “‘ཨ་རི་ཕྱོགས་དཔལ་འབྱོར་ཐད་གཉའ་ཆག་པའི་དུས་རབས་མཇུག་འགྲིལ་བ་རེད’ཅེས་བརྗོད་པ་ལས་ཨ་རིའི་དཔལ་འབྱོར་གྱི་འཇིགས་སྐུལ་དང་བཙན་དབང་བྱེད་མཚམས་བཞག་ན་དགའ་ཞེས་བརྗོད་ན་འཚམ”ཞེས་ཧྭ་ཁྲུན་ཡིང་གིས་གསུངས་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པ་དང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཡོངས་བསྒྲགས་དང་། མཐོང་ཆུང་མེད་པ། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཕྱོགས་མང་དཔལ་འབྱོར་ཚོང་དོན་གྱི་མ་ལག་སྲུང་སྐྱོང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན་གྱི་དགོངས་དོན་ལ་གཞིགས་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཆིངས་གྲོས་དང་གྲོས་མོལ་བྱས་པ་བརྒྱུད་ཚོང་དོན་གྱི་རྩོད་གཞིའི་གནད་དོན་ཚུད་པའི་ཕན་ཚུན་མི་མཐུན་པའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད། “དོན་དངོས་ཐོག་ཀྲུང་ཨ་རྒྱལ་ཁབ་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐད་གྲོས་བསྡུར་བྱེད་བཞིན་ཡོད”ཅེས་གསུངས་པ་རེད།
         ཁོང་གིས“ང་ཚོར་གནས་ཚུལ་གང་རུང་འོག་རྒྱལ་ཁབ་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་གྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད། ད་ཆ་གནད་དོན་ཐག་གཅོད་ཐུབ་མིན་ཨ་རིར་རག་ལུས་ཡོད་པས་རེ་བར་ཨ་རི་ཕྱོགས་ཀྱིས་དཔྱད་ཤེས་དང་གཟབ་ནན་གྱི་སྒོ་ནས་ཐབས་ཇུས་འདིང་བ་དང་གདམ་ག་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།