འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་བུད་མེད་གནས་བབ་ཨུ་ཡོན་ལྷན་ཁང་གིས་གྲོང་གསེབ་ཀྱི་བུད་མེད་ལ་
    དབང་ཆ་སྤྲོད་རྒྱུའི་སྐོར་གྱི་འགྲན་སློང་དང་གོ་སྐབས་ཐད་གྲོས་བསྡུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་བུད་མེད་གནས་བབ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་རེ་གཉིས་པ་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཕོ་མོ་འདྲ་མཉམ་ཡོང་བ་དང་གྲོང་གསེབ་ཀྱི་བུད་མེད་དང་དེ་བཞིན་བྱིས་པ་བུ་མོར་དབང་ཆ་སྤྲོད་རྒྱུའི་སྐོར་གྱི་འགྲན་སློང་དང་གོ་སྐབས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། 
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་དོན་གཉིས་པའི་ཀྲུའུ་ཞི་ལའེ་ཆ་ཁེ་ཚོགས་འདུར་ཕེབས་ནས་སྔ་རྗེས་སུ་ཤིས་ཚིག་གསུངས་པ་རེད། ཀུ་ཐེ་ལེ་སིས་བུད་མེད་དང་བྱིས་པ་བུ་མོའི་སྤྱི་ཚོགས་ཀྱི་གནས་བབ་མཐོ་རུ་གཏོང་དགོས་ཚེ། ངེས་པར་དུ་བུད་མེད་ལ་མཐོང་ཆུང་དང་བུད་མེད་ལ་ཉེས་རྡུང་གཏོང་བ་སོགས་ཀྱི་འདྲ་མཉམ་མེད་པའི་སྣང་ཚུལ་ཐོན་རྒྱུར་འགྱུར་ལྡོག་གཏོང་དགོས་ཞེས་གསུངས། ལའེ་ཆ་ཁེས་སྔོན་མ་མི་ཚོས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་སྐབས་ཕོ་མོ་འདྲ་མཉམ་གྱི་ལྟ་སྟངས་ཐོག་ནས་བསམ་བློ་བཏང་མེད་སྟབས་དེའི་ཐད་ནོར་འཁྲུལ་བྱུང་ཡོད། སླད་ཕྱིན་བྱ་སྤྱོད་གང་ཞིག་ཡིན་རུང་བུད་མེད་ཀྱི་རྒྱུ་རྐྱེན་དེ་བསམ་བློ་གཏོང་གཞིའི་ནང་ངེས་པར་དུ་བཅུག་ནས་གྲོང་གསེབ་ཀྱི་བུད་མེད་ལ་དབང་ཆ་སྤྲད་དེ་ཚང་མར་ཕན་པ་ཡོང་བ་བྱེད་དགོས་ཞེས་གསུངས། 
          མཉམ་འབྲེལ་རྒྱལ་ཚོགས་བུད་མེད་གནས་བབ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་རེ་གཉིས་པའི་ཀྲུའུ་ཞི་ཅེ་ལའར་ཏིང་·པོ་ཨེན་·ནཱ་སེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་གནས་བབ་ཨུ་ཡོན་ལྷན་ཁང་དེ་ངེས་པར་དུ་གོ་ལ་ཧྲིལ་པོའི་ནང་གི་བུད་མེད་ཀྱི་དབང་ཆ་མཐོ་རུ་གཏོང་བྱེད་དུ་འགྱུར་བ་བྱས་ནས་དུས་ཡུན་རིང་མོའི་ནང་བུད་མེད་དང་བྱིས་པ་བུ་མོར་དབང་ཆ་སྤྲོད་རྒྱུར་འགོག་རྐྱེན་བཟོ་བའི་གནད་འགག་ལ་ངོས་འཛིན་ཏན་ཏིག་ཐུབ་པ་བྱས་ཏེ། 1995ལོར་འཛམ་གླིང་གི་བུད་མེད་ཚོགས་ཆེན་ཐེངས་བཞི་པར་《པེ་ཅིང་གི་བསྒྲགས་གཏམ་》དང་《བྱ་སྤྱོད་ཀྱི་རྩ་འཛིན་》ལ་གྲོས་འཆམ་བྱུང་ནས་གཏན་ལ་ཕབ་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་འབད་བརྩོན་བྱེད་དགོས་ཞེས་གསུངས། 
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཧྲུའི་ལག་བསྟར་ཀྲུའུ་རེན་ཧྥེ་མུའུ་ཆི་ལའེ·མུའུ་ལན་པོ—ནུའོ་ཁཱས“2030ལོའི་གྲོས་རིམ་མངོན་འགྱུར་ཡོང་བར་ལེགས་སྐྱེས་ཆེ་ཤོས་ཀྱི་གྲལ་ཞིག་སྟེ། གྲོང་གསེབ་ཀྱི་བུད་མེད་དང་བྱིས་པ་བུ་མོར་འཛིན་པའི་གཟུགས་པོའི་ཐོག་གི་འདྲ་མཉམ་མེད་པའི་ལྟ་ཚུལ་མེད་པ་བཟོ་རྒྱུ་དེ་ཡིན། ཁོང་ཚོའི་གནས་བབ་ལ་མངོན་གསལ་གྱིས་ལེགས་བཅོས་བྱུང་ཚེ། 2030ལོའི་གྲོས་རིམ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཡར་རྒྱས་ཆེན་པོ་ཞིག་རེད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།