འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་དབྱི་སི་རལ་གྱི་ཁེ་ལས་ཀྱིས་ཚན་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་དང་མ་འཇོག་
    མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན་སྐབས་18པའི“དབྱི་སི་རལ་དུ་བསྐྱོད་པའི”མ་འཇོག་མཐོ་རིམ་གླེང་སྟེགས་དེ་གྲོང་ཁྱེར་ཐེ་ལ་ཝེ་ཕུར་གཉེར་བ་དང་གླེང་སྟེགས་ནང་ཞུགས་མཁན་ཀྲུང་གོ་དང་དབྱི་སི་རལ་གྱི་ཁེ་ལས་དང་མ་འཇོག་སྒྲིག་གཞིས་ཁོང་ཚོས་ཕྱོགས་གཉིས་པོའི་ཚན་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་དང་མ་འཇོག་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱས་པ་རེད།
         དབྱི་སི་རལ་གྱི་ཞིང་ལས་པུའུ་ཀྲང་ཟུར་པ་དབྱི་སི་རལ་Catalystཡོངས་བསྒྲགས་མིན་པའི་མ་འཇོག་ཐེབས་རྩ་དོ་དམ་མཉམ་ལས་པ་ཡ་ཉིར་·ཧྲ་མིར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་ནི་དབྱི་སི་རལ་གྱི“འཚམ་ཤོས”ཀྱི་མཉམ་ལས་རོགས་ཟླ་ཞིག་ཡིན་པ་དང་། ཀྲུང་གོས་ཀྱང་ལག་རྩལ་འཕེལ་རྒྱས་ཐད་མགྱོགས་མྱུར་སྐུལ་འདེད་བཏང་བ་མ་ཟད། ཁྲོམ་རའི་བར་མཐོངས་ཆེན་པོ་ཡོད་པས་ཀྲུང་གོ་དང་དབྱི་སི་རལ་གྱི་ཚན་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་དང་མ་འཇོག་གི་འབྲེལ་བ་ཡག་པོ་ཡོད་ཅེས་བརྗོད་པ་རེད།
         དབྱི་སི་རལ་ཁུ་ཁེ་མོན་མ་འཇོག་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཧྭ་ཀེ་·རུའེ་ཝེ་ཏེས་གསར་འགོད་པར་ཀྲུང་གོ་ནི་འཛད་སྤྱོད་མི་འབོར་ཧ་ཅང་ཆེ་བ་དང་ཁྲོམ་རའི་བར་མཐོངས་ཡངས་པའི་རྒྱལ་ཁབ་ཅིག་ཡིན། མིག་སྔར་ཀྲུང་གོའི་ཁེ་ལས་ཀྱི་ངོས་ནས་བརྗོད་ན། དབྱི་སི་རལ་གྱི་འཕྲུལ་མི་དང་། རྩེར་སོན་བཟོ་སྐྲུན། རླངས་འཁོར་ལག་རྩལ། སྨན་བཅོས་བདེ་ཐང་སླར་གསོ། སྐྱེ་དངོས་ལག་རྩལ་བཅས་ཚང་མ་ནི་ཡིད་དབང་འགུག་ནུས་ལྡན་པ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཁྱབ་ཁོངས་དེ་དག་ཚང་མར་མཉམ་ལས་དང་མ་འཇོག་བྱེད་པའི་བར་མཐོངས་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།