འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་སུ་དྲ་ཐོག་ཚོང་དོན་ཞབས་ཞུས་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ལ་སྐུལ་མ་ཐེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་མངའ་རིས་སུ་དྲ་ཐོག་ཚོང་དོན་ཞབས་ཞུས་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ལ་སྐུལ་མ་ཐེབས་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་ས་བབ་མཐོ་ཚད་སྨི་4700ཟིན་གྱི་ཡོད། 2014ལོར་མཚོ་ཆེན་རྫོང་གིས་དྲ་ཐོག་ཚོང་དོན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་ནས་བཟུང་བོད་ལྗོངས་མངའ་རིས་སྤྲིན་ཚོམ་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིའི་ཞབས་ཞུའི་འོག་འབྲེལ་ཡོད་ཀྱི་གསོ་སྦྱོང་དུས་ཐེངས་20གཉེར་བར་ཁྱོན་བསྡོམས་མི་2500ཞུགས་ཡོད་པ་རེད། གོང་གི་པར་རིས་ནི་དྲ་ཐོག་ཚོང་དོན་ལས་ཞུགས་པ་བསྟན་འཛིན་གྱིས་མཚོ་ཆེན་རྫོང་གི་ཁྱད་ལྡན་ཐོན་རྫས་ཉམས་ལེན་ཁང་དུ་ཚོང་ཟོག་སྟོན་པའི་གནས་ཚུལ་ཡིན་པ་རེད།
          མིག་སྔར། མཚོ་ཆེན་རྫོང་གི་གསོ་སྦྱོང་ནང་ཞུགས་པའི་མི་སྣས་རྒྱལ་ནང་གི་འཐུས་སྒོ་ཚང་བའི་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་དྲ་ཐོག་ཚོང་ཁང་33གཉེར་བ་མ་ཟད། གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་12བརྒྱུད་ཡུལ་དེ་གའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་106བསྡུ་རུབ་དང་བརྒྱུད་སྤེལ་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།