འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལིའི་ཀུང་སིར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྡོ་སྣུམ་གྱི་དམིགས་བསལ་
    ཚོང་གཉེར་ཆོག་འཐུས་དབང་ཆ་ཐོག་མར་རག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཨབ་ཀྲ་པེའི་རྒྱལ་ཁབ་རྡོ་སྣུམ་ཀུང་སིས་ཚེས་11ཉིན་གྱི་དགོང་མོ་ཁྱབ་བསྒྲགས་བྱས་པར། དབྱི་ཐ་ལིའི་ཨའེ་ཉི་ཀུང་སི་དང་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་ཨའེ་ཉི་ཀུང་སིར་ཨབ་ཀྲ་པེའི་མཚོ་ཐོག་སྣུམ་ཞིང་གཉིས་ཀྱི་རྐང་དབང་དང་ལོ་40ཡི་དམིགས་བསལ་ཚོང་གཉེར་ཆོག་འཐུས་དབང་ཆ་རག་ཡོད་པ་རེད།
         ཨབ་ཀྲ་པེའི་རྒྱལ་ཁབ་རྡོ་སྣུམ་ཀུང་སིས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ནང་བརྗོད་པར་གཞིགས་ན། “འདི་ནི་དབྱི་ཐ་ལིའི་ནུས་རྒྱུའི་ཁེ་ལས་ལ་ཨབ་ཀྲ་པེའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཁྱབ་ཁོངས་ཀྱི་དམིགས་བསལ་ཚོང་གཉེར་ཆོག་འཐུས་དབང་ཆ་ཐོག་མར་ཐོབ་པ་ཞིག་རེད” 
      

    ཕྱོགས་བསྡུས་གསར་འགྱུར།