འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བཀའ་མ་ལོག་རྫོང་གིས་མི་19ཡིས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་
    བདག་ཏུ་མ་བཟུང་བའི་སྲོག་ཆགས་བཟུང་བའི་གྱོད་གཞི་ཞིག་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་བཀའ་མ་ལོག་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་བཟུང་བ་དང་། བསྡུ་ཉོ། ཕྱིར་ཚོང་བཅས་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་ནས་ཁྲིམས་འགལ་ཉེས་གསོག་དོགས་ཅན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་12ཚེས་21ཉིན་བཀའ་མ་ལོག་རྫོང་ནགས་ཚལ་སྤྱི་བདེ་ཅུས་ལ་མི་ཞིག་གིས་དྲ་ཐོག་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་པར་རིས་དང་བརྙན་ལམ་མང་པོ་བཏང་སྟེ་ཡོངས་བསྒྲགས་ངང་འཚོང་གི་འདུག་ཅེས་པའི་ཁུངས་སྣེ་ཞིག་འབྱོར་འཕྲལ་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ནས་རྩད་གཅོད་བྱས་མཐར་ཉེས་གསོག་དོགས་ཅན་དེ་ནི་བཀའ་མ་ལོག་རྫོང་ལི་ཨར་པའོ་གྲོང་རྡལ་གྱི་སུའུ་ཆེ་གེ་མོ་ཡིན་པ་ཤེས་པ་རེད།
         2018ལོའི་ཟླ་གཉིས་པར་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་མི་19ཚང་མ་ཁྲིམས་ལ་སྦྱར་བ་དང་། ཟླ་3ཚེས་13ཉིན་གྱོད་གཞི་དེའི་མྱུལ་ཞིབ་ལས་དོན་མཇུག་འགྲིལ་བ་རེད། གྱོད་གཞི་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་བྱ་རྒོད་25ཁྲིམས་འགལ་ངང་བཟུང་བ་དང་འབྲེལ་བ་ཡོད་ཅིང་། རྙི་ཐག་2དང་བཙོག་དངུལ་སྒོར་8000ལྷག་ཙམ་གཞུང་བཞེས་བཏང་བ་རེད།
         བཀའ་མ་ལོག་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལིའུ་ཀྲི་ཅན་གྱིས། ཉེ་བའི་ལོ་ཤས་རིང་། བཀའ་མ་ལོག་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་བཟུང་བ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁ་ཤས་རྩད་ཆོད་པ་མ་ཟད། གླག་རྒོད་སྐེ་སེར་དང་ཤྭ་བ་ཁྲ་རིས་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དང་། འུག་པ་དང་བྱ་རྒོད་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་30ལྷག་ཙམ་ལ་སྔ་རྗེས་སུ་སྲུང་སྐྱོབ་བྱས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།