འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས"རྒྱུད་གཅིག་ལམ་གཅིག"ལས་གོ་ལ་ཧྲིལ་པོའི་ཁེ་ལས་ལ་གོ་སྐབས་ཆེན་པོ་བྱུང་ཡོད་ཅེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་གོ་ལ་ཧྲིལ་པོའི་ཁེ་ལས་ལ་གོ་སྐབས་ཆེན་པོ་བྱུང་བ་དང་ཡོངས་ཁྱབ་ངང་དགའ་བསུ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཉེ་ཆར་ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ(CNBC)གྱིས་དངུལ་རྩའི་འཚོལ་བཤེར་ཡོ་ཆས་སྤྱད་དེ་དབྱེ་ཞིབ་བྱས་པ་ལས་མངོན་དོན། ཧོ་ཉི་ཝུའེ་ཨར་དང་། ཧུའེ་ཧྥུང་དངུལ་ཁང་། ཤིས་མོན་ཙེ། ལི་ཐོ། ཧྲེ་ནའེ་ཏེ་གློག་ཆས་སོགས་རྒྱལ་སྒྲོལ་ཀུང་སི་མང་པོའི་མཐོ་རིམ་དཔོན་རིགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་དེ་དག་ལ་ཐོབ་པར་དཀའ་བའི་ཚོང་ལས་ཀྱི་གོ་སྐབས་ཐོབ་པ་དང་། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཁྱབ་ཁོངས་ལ་གོ་སྐབས་གསར་པ་འབོར་ཆེན་བྱུང་བ། འབྲེལ་ཡོད་ས་ཁུལ་དུ་ང་ཚོའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་སོང་ཞེས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་གོ་སྐབས་བྱུང་བར་དམ་འཛིན་ལྷོད་མེད་བྱ་རྒྱུ་ཡིན་ལུགས་བཤད་པར་ཁྱེད་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་གསར་འགོད་པས་དྲིས་པར།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་སྤེལ་བར་དོ་སྣང་བྱུང་། CNBCཡིས་དངུལ་རྩའི་འཚོལ་བཤེར་ཡོ་ཆས་སྤྱད་དེ་ཨ་རི་དང་དེ་བཞིན་གོ་ལ་ཧྲིལ་པོའི་གྲགས་ཅན་ཁེ་ལས་ཁག་གཅིག་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྣམ་འགྱུར་དང་ལྟ་སྟངས་ཡག་པོ་འཛིན་པ་ཤེས་རྟོགས་བྱུང་། དེ་ལས་ཕྱོགས་གཞན་ཞིག་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་རྒྱལ་ཁབ་ཁག་དང་གོ་ལ་ཧྲིལ་པོའི་ཁེ་ལས་ལ་གོ་སྐབས་ཆེན་པོ་བྱུང་བ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”ལ་ཡོངས་ཁྱབ་ངང་དགའ་བསུ་ཐོབ་པ་ར་འཕྲོད་ཐུབ་ཀྱི་ཡོད་ཅེས་གསུངས་པ་རེད།
         “ལོ་5ཡི་རིང‘རྒྱུད་གཅིག་ལམ་གཅིག’གི་མཉམ་ལས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་སྦྲགས་རྒྱལ་ཁབ་དང་། རྒྱལ་སྤྱིའི་རྩ་འཛུགས། ཁེ་ལས་བཅས་སྔར་ལས་མང་བས‘རྒྱུད་གཅིག་ལམ་གཅིག’གྲོས་འགོར་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ‘རྒྱུད་གཅིག་ལམ་གཅིག’གི་མཉམ་ལས་ཀྱི་འདྲ་མཉམ་དང་། སྒོ་དབྱེ། ཀུན་ཕན་བཅས་ཀྱི་ཁྲོད་ནས་ཁོང་ཚོར་ཕན་པའང་ཐོབ་ཡོད”ཅེས་ཧྭ་ཁྲུན་ཡིང་གིས་གསུངས་པ་རེད།
         ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མུ་མཐུད་མཉམ་གྲོས། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཡག་པོ་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་འཕེལ་རྒྱས་འགྲོ་རྒྱུ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་གོ་སྐབས་སྔར་ལས་མང་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
         “ངའི་བསམ་པར་འཐབ་ཇུས་ཀྱི་མིག་རྒྱང་རིང་པོ་ལྡན་པའི་ཀུང་སི་ཚང་མས‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ལས་བྱུང་བའི་གོ་སྐབས་མཐོང་ཐུབ་པ་མ་ཟད་དེར་དམ་འཛིན་ཡག་པོ་བྱ་རྒྱུ་རེད”ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།