འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དབུལ་ཕོངས་སེལ་བའི་ཚོགས་འདུ་པོ་ཚི་ཝ་ནར་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན། རྒྱལ་སྤྱིའི་དབུལ་ཕོངས་སེལ་བའི་ཚོགས་འདུ་པོ་ཚི་ཝ་ནའི་རྒྱལ་ས་ཀ་པོ་རོ་ནེ་རུ་འཚོགས་པ་དང་། འཛམ་གླིང་གི་ས་གནས་ཁག་ནས་ཡོང་བའི་དཔོན་རིགས་དང་རིགས་གཅིག་མཁས་ཅན་གྱིས་དབུལ་ཕོངས་སེལ་བའི་ཉམས་མྱོང་དང་བྱེད་ཐབས་ལོངས་སུ་སྤྱོད་རྒྱུ་མ་ཟད། རྒྱལ་ཁབ་དབར་གྱི་འབྲེལ་ཡོད་མཉམ་ལས་ལ་ཤུགས་སྣོན་ཡང་རྒྱག་རྒྱུ་རེད།
         ད་ཐེངས་ཀྱི་ཚོགས་འདུ་དེ་པོ་ཚི་ཝ་ནའི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་དང་དུས་ཡུན་ཉིན་གཉིས་ཡིན། བརྗོད་དོན་གཙོ་བོ་ནི“དབུལ་ཕོངས་སེལ་བ་དང་ཟུར་འབུད་དང་འདྲ་མཉམ་མིན་པའི་འཐབ་རྩོད་ཁྲོད་མི་སུ་ཞིག་ཀྱང་རྗེས་སུ་མི་ལུས་པ་བྱ་རྒྱུ”དེ་ཡིན།
         པོ་ཚི་ཝ་ནའི་ཙུང་ཐུང་དབྱི་ཨེན·ཁ་མ་ཡིས་གོང་ཚེས་ཉིན་གྱི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་ད་ཐེངས་ཀྱི་ཚོགས་འདུར“མི་སུ་ཞིག་ཀྱང་རྗེས་སུ་མི་ལུས་པ་བྱ་རྒྱུ”བརྗོད་དོན་གཙོ་བོར་བྱས་པ་དེའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་དང་2015ལོར་རྒྱལ་ཁབ་ཁག་གིས་བཏོན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ལག་བསྟར་བྱེད་པའི་མཛུབ་ཁྲིད་རྩ་དོན་ཞིག་ཡིན་ཞེས་གསུངས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་འདུའི་ཐོག་ལྷོ་ལྷོ་མཉམ་ལས་ཀྱི་གོ་སྐབས་དང་དེ་བཞིན་རྒྱལ་ཁབ་ཁག་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲོས་བསྡུར་བྱས་ཏེ་དབུལ་ཕོངས་སེལ་བའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།