འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རྒྱལ་ཡོངས་ཀྱི་སློབ་མ་མི་ཐེངས་ཁྲི་9600ཙམ་ལ་རོགས་དངུལ་ཐོབ་པ་དང་རོགས་དངུལ་
    བསྡོམས་འབོར་སྒོར་དུང་ཕྱུར་1800ལྷག་ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། འབྲིང་རིམ་ལས་རིགས་སློབ་གྲྭ མཐོ་འབྲིང་དཀྱུས་མ། མཐོ་སློབ་དཀྱུས་མ་བཅས་ཀྱི་སློབ་མ་(བྱིས་པ་)མི་ཐེངས་ཁྲི་9590.41ལ་རོགས་དངུལ་ཐོབ་པ་དེ་ལོ་གོང་མ་ལས་མི་ཐེངས་ཁྲི་464.27མང་དུ་ཕྱིན་པ་དང་། འཕར་ཚད་5.09%ཟིན་པ་དང་། རིམ་རྩིས་བརྒྱབ་ན་རོགས་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1882.14ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་193.38འཕར་བ་དང་འཕར་ཚད་11.45%ཟིན་ཡོད། སློབ་མའི་རོགས་དངུལ་ལོ་11བསྟུད་མར་འཕར་ཚད་མྱུར་པོ་རྒྱུན་འཁྱོངས་ཐུབ་ཡོད། འདི་ནི་གསར་འགོད་པར་ཚེས་1ཉིན་རྒྱལ་ཡོངས་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་རིམ་ཁག་ནོར་སྲིད་ཀྱིས་འོས་འགན་སློབ་གསོའི་རྒྱལ་ཁབ་ཀྱི་རིན་མི་དགོས་པའི་སློབ་དེབ་ཐད་མ་དངུལ་སྒོར་དུང་ཕྱུར་175.94བཏང་བའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་149.33དང་ས་གནས་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་26.61བཏང་བར་འོས་འགན་སློབ་གསོའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དུང་ཕྱུར་1.42ལ་ཕན་པ་ཐོབ་ཡོད། ས་གནས་ཀྱི་རིམ་ཁག་ནོར་སྲིད་ཀྱིས་རིན་མི་དགོས་པའི་སློབ་དེབ་ཐད་མ་དངུལ་སྒོར་དུང་ཕྱུར་27.20བཏང་བར་འོས་འགན་སློབ་གསོའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་8304.20ལ་ཕན་པ་ཐོབ་ཡོད། 2017ལོར་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཚོད་ལྟའི་རྫོང་རིམ་པའི་ཚན་པ་710ཡི་སློབ་གྲྭ་ཁྲི་8.2ཙམ་ལ་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་ལེན་བསྟར་བར་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མ་ཁྲི་2100ཙམ་ལ་ཕན་པ་ཐོབ་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་དེའི་བཟའ་བཅའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་185(རྒྱལ་ཁབ་ཀྱི་ཚོད་ལྟའི་ས་ཚིགས་དང་ས་གནས་ཀྱི་ཚོད་ལྟའི་ས་ཚིགས་ཚུད་པ་)བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།