འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    "གསུམ་བརྒྱད"རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་10ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་བུད་མེད་དཔེ་བཟང་ལ་བྱ་དགའ་གནང་བ་རེད།
         ཚོགས་ཆེན་ཐོག་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་10དང་། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བ་299 རྒྱལ་ཡོངས་གསུམ་བརྒྱད་དར་དམར་མཉམ་སྡེབ་200བཅས་ལ་གཟེངས་བསྟོད་བྱས་པ་རེད། གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་བུད་མེད་དཔེ་བཟང་བའི་འཐུས་མི་ཞུས་ལིའུ་ཧྥུན་དང་། ཡུས་ལི་ནཱ། ལེང་ཅན་དབྱིང་བཅས་ཀྱིས་གཏམ་བཤད་བྱས་པ་རེད།
         ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བུད་མེད་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བར་བརྟེན་བུད་མེད་མང་ཚོགས་དུང་ཕྱུར་མང་པོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། རྒྱ་ཆེའི་བུད་མེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྲོག་ཤིང་ལ་བརྩི་བཀུར་དང་གཙོ་འཛིན་ལ་དགའ་ཞེན་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཆེ་རུ་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་འབད་འཐབ་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ནང་གནམ་ཕྱེད་ཀ་འདེགས་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཤེས་དཔལ་གྱི་དར་སྲོལ་གསར་པ་གྲུབ་རྒྱུར་སྐུལ་འདེད་གཏོང་བའི་ནང་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།