འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དབང་དབྱང་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་གྲོས་
    བསྡུར་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་མངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་གཙོ་སྐྱོང་པ་དབང་དབྱང་ཚེས་6ཉིན་གྱི་སྔ་དྲོ་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་རེད།
         ཏིང་ཤེའུ་ཧྭ་དང་། ཀུའོ་ཝུན་ཧྲེང་། མོང་ཆི་ལེའང་སོགས་ཨུ་ཡོན་གྱིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་བ་དང་། དབང་དབྱང་གིས་ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཚང་མ་དང་མཉམ་དུ་གྲོས་བསྡུར་གནང་ཞིང་། ཁོང་གིས་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་མི་རིགས་56ཚང་མར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡོད། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་ཨུ་ཡོན་མཉམ་དུ་འཛོམས་ཏེ་དམངས་ཀྱི་གནས་ཚུལ་དང་བདེ་སྡུག་ཞུ་བ་དང་། སྲིད་ཞུགས་སྲིད་གྲོས། མཉམ་དུ་རྒྱལ་དོན་གྲོས་བསྡུར་བཅས་བྱེད་པ་དེ་ཐོག་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གསོན་ཉམས་དོད་པོས་མངོན་ཡོད། མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་། མི་རིགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བཅས་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་སྤྱི་ཡོངས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་སྲིད་གྲོས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཐོག་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་སྐྱོད་དགོས། མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་གཙོ་གནད་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་ཐབས་མང་མཉམ་སྤྱོད་ཀྱིས་མི་རིགས་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་དགོས། མི་རིགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ་དང་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།