འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།"རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞིར་དཔྱིད་གསར་མཉམ་དུ་རོལ"ཞེས་པ་གྲོང་ཁྱེར་ཤིས་ཉི་རུ་འཁྲབ་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དང་པོའི་བཅོ་ལྔའི་དུས་ཆེན་སྐབས་སུ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞིར་དཔྱིད་གསར་མཉམ་དུ་རོལ”ཞེས་པའི་གླུ་གར་རོལ་དབྱངས་འདུ་ཚོགས་ཆེ་གྲས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཤིས་ཉི་ཡི་ཚོགས་འགྲེམས་ལྟེ་གནས་སུ་གཉེར་བ་རེད།
         གྲོང་ཁྱེར་ཤིས་ཉི་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀུའུ་ཞའོ་ཅེའི་ཤིས་ཚིག་ནང“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞིར་དཔྱིད་གསར་མཉམ་དུ་རོལ”ཞེས་པ་དེས་མེས་རྒྱལ་གྱིས་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བར་བརྩེ་སེམས་ཟབ་མོ་འཆང་ལུགས་མཚོན་པས་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཡོད། རིག་རྩལ་འཁྲབ་སྟོན་ཆེ་གྲས་དེ་ལོ་མང་བསྟུད་མར་གྲོང་ཁྱེར་ཤིས་ཉི་རུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བས་ཤིན་ནན་ཝེར་ཧྲེ་ཀྲོའུ་ཙམ་མ་ཟད། ཐ་ན་ཨོ་སི་ཁྲུ་ལི་ཡའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཏུ་འཕེལ་རྒྱས་བྱུང་ཡོད་ཅེས་བརྗོད་པ་རེད།
         “རིག་གནས་ཀྲུང་གོ་·ཕྱོགས་བཞི་དཔྱིད་གསར་མཉམ་དུ་རོལ”ཞེས་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་གིས་དཔྱིད་གསར་དུས་ཆེན་རིང་གོ་ལ་ཧྲིལ་པོའི་གླིང་ཆེན་ལྔའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་འདུས་སྡོད་ཅུང་མང་བའི་རྒྱལ་ཁབ་དང་ས་ཁུལ་ལ་ཕྱོགས་ནས་གཉེར་བའི་འཚམས་འདྲིའི་རིག་རྩལ་འཁྲབ་སྟོན་ཞིག་ཡིན་པ་དེར་ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བའི“དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས”ཞེས་བརྗོད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།