འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ མངོན་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གང་ལེགས་མངོན་པ།
    འདས་ཟིན་པའི་ལོ་ལྔ་ཡི་གྲུབ་འབྲས་ནི་སྤྱིར་བཏང་གཏན་ནས་མིན་པ།
         སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འབད་འབུངས་མདུན་སྐྱོད་ཀྱིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་གཅིག་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་བཏོད་ལུགས་བཏོན་ཡོད། འཐུས་མི་དང་ཨུ་ཡོན་ཚོས་གྲོས་ཞིབ་དང་གྲོས་བསྡུར་གནང་སྐབས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མངོན་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།
         “དཔྱིད་གསར་དུས་ཆེན་གོང་ཏཱ་ཧྲི་ཅ་གྲོང་ཚོའི་དུད་ཚང་དབུལ་པོ་27ཚང་མ་དབུལ་སྒྲོལ་བྱུང་ནས་གྲོང་ཚོ་དེའི་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད”མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ཏཱ་ཧྲི་ཅ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པི་ཧྲེང་ཀྲུང་གིས། “དབུགས་ངལ་གསོ་བའི་བསམ་ཚུལ་གང་ཡང་ཡོད་མི་རུང”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་བློ་ལ་བརྟན་པོར་བཅངས་ཏེ་ང་རྒྱལ་དང་འཚབ་འཚུབ་སྤོང་བ་དང་དཀའ་སྤྱད་དངོས་སྒྲུབ་བྱས་ནས་ཡུལ་མི་ཚོ་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བའི་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།
        “ནམ་མཁའ་དེ་བས་སྔོ་བ་དང་། ཆུ་བོ་དེ་བས་དྭངས་པ། ཁོར་ཡུག་དེ་བས་མཛེས་སུ་ཕྱིན་འདུག”རྒྱལ་ཁབ་གློག་དྲ་ཧྲའན་ཤིས་ཞིང་ཆེན་ཧྲན་དབྱང་རྫོང་གློག་འདོན་ཀུང་སི་ཁོན་ཕིང་གློག་འདོན་སུའོ་ཡི་ལས་དོན་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཆི་ཧྲུའེ་ཡིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྲིད་སྐྱོང་གི་བྱས་རྗེས་ཆེ་ཤོས་ལ་བརྩིས་ནས་འབད་འཐབ་དམིགས་ཚད་རེ་རེ་བཞིན་མངོན་འགྱུར་ཡོང་བ་གནང་ཡོད། “གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན། རང་ཉིད་ཀྱིས་མུ་མཐུད་སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱ་ཆེད་སོ་སོའི་སྟོབས་ཤུགས་གང་ཡོད་འདོན་རྒྱུ་ཡིན”ཞེས་གསུངས།
         “སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་བཏོད་པའི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་ལྡན་པ་ཞིག་རེད”ཏེ་ཆིན་ཀྲུང་གོའི་དབུ་ཞུགས་ལག་བསྟར་དཔོན་སྐུ་གཞོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅང་ཡིང་གིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ཀྲུང་གོས་འཛམ་གླིང་ཐོག་གི་སྤྱི་ཚོགས་འགན་སྲུང་གི་དྲ་བ་ཆེ་ཤོས་དེ་བསླས་པ་དང་གྲུབ་འབྲས་དེར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་རྒྱུར་ཕྱོགས་ནས་སླར་ཡང་གོམ་པ་ཆེན་པོ་ཞིག་སྤོ་རྒྱུ་རེད་ཅེས་གསུངས།
         གྲུབ་འབྲས་ཚང་མ་ལས་ཀ་བྱས་པ་ལས་བྱུང་བ་ཞིག་རེད།
         “སྤྱོད་ཚུལ་ཡག་ཤོས་ནི་ཏན་ཏན་ཏིག་ཏིག་ངང་ལས་ཀ་བྱ་རྒྱུ་དེ་རེད”ཧྲན་ཏུང་ཞིང་ཆེན་ལན་ཐེན་མ་འཇོག་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཧྲི་ལིང་གིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ལས་ཀ་བྱེད་པ”ཞེས་པའི་ཡིག་འབྲུ་དེ་ནན་བཤད་བྱས་ཡོད། “ལོ་བཞི་ཡི་གོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་ནས། ང་ཚོར་དེང་རབས་ཟོག་འགྲེམས་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་དགོས་པའི་བླང་བྱ་བཏོན་གནང་བ་རེད”ལོ་དེ་དག་རིང་ང་ཚོས“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་གོ་སྐབས་དམ་འཛིན་ལྷོད་མེད་བྱས་པས་ལིན་དབྱི་དེ་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་2000ལྷག་ཙམ་དང་མཉམ་དུ་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་མ་ཟད། རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་དང་ཉོ་ཚོང་གི་འབྲེལ་བའང་བཙུགས་ཡོད་ཅེས་གསུངས།
         “དངོས་སུ་བསྒྲུབས་ནས་འབྱུང་འགྱུར་གཏོད”ཧའེ་ནན་ཞིང་ཆེན་ལིན་ཧྲུའེ་ལི་རིགས་རང་སྐྱོང་རྫོང་མུའུ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲེན་ཕེའོ་ཡིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་བྱ་སྤྱོད་བརྟན་པོའི་ངང་སྤེལ་དགོས་ཞེས་པ་དེ་ནི་ཡུལ་མི་ཚོའི་སེམས་ལ་ཟུག་པ་ཞིག་རེད། “སྤྱི་ཁྱབ་ཧྲུའུ་ཅིས་བདེ་སྐྱིད་ཐམས་ཅད་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་ནན་བཤད་གནང་ཡོད། ལོ་དེ་དག་རིང་ང་ཚོས་འབད་བརྩོན་ཆེན་པོ་བྱས་ནས་གྲོང་ཚོའི‘རྣམ་པའི་སྟོན་གྲངས’ཇེ་མཐོར་གཏོང་བ་དང་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་བཏང་ནས་སླད་ཕྱིན་འཛུགས་སྐྲུན་དེ་བས་ལེགས་པ་བྱ་རྒྱུ་ཡིན”ཞེས་གསུངས།
         “སྤྱི་ཁྱབ་ཧྲུའུ་ཅིས་དངོས་སྒྲུབ་ཐད་ནན་བཤད་གནང་ཡོད། ང་ཚོ་དབུལ་སྐྱོར་ལས་བྱེད་པས་སྣེ་ཁྲིད་དེ་ལས་ཀ་བྱེད་དགོས”ལེའོ་ཉིང་ཞིང་ཆེན་ཐུའུ་ཁྲང་རྫོང་ཏུང་ཤིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝུའུ་ཡན་ལེང་གིས། འབད་འཐབ་དེ་ཉིད་བདེ་སྐྱིད་ཅིག་རེད། དུད་ཚང་དབུལ་པོ་འགའ་ཤས་ལ་ཡོང་འབབ་མང་པོ་མེད་པས་ཁོང་གིས་མཉམ་ལས་ཁང་དུ་ལས་ཀ་འཚོལ་རོགས་བྱེད་པ་དང་། 
         ནུས་སེམས་གཅིག་ཏུ་སྒྲིལ་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ།
         ཞིང་པ་འགའ་ཤས་ཀྱི་དཔལ་འབྱོར་ལོ་ཏོག་གི་ས་བོན་ལེགས་བཅོས་བྱེད་པར་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་དགོས་སྟབས་དངུལ་ཁང་ལ་དངུལ་བུན་གཡར་རོགས་ཞུ་བར་བསྐྱོད་པ། “དངོས་སྒྲུབ་བྱས་ཚེ་གཞི་ནས་ཏན་ཏིག་གི་ལས་རྗེས་གསར་པ་ཐོན་ཐུབཔ་དང་གཞི་ནས་མང་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་ཐོབ་ཐུབ”ཅེས་གསུངས་པ་རེད།
         “སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པ་ནི་འབད་འཐབ་བྱེད་མཁན་ཚོའི་དུས་རབས་ཡིན་པས་ང་ཚོས་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་ཡོད”ཁྲུང་ཆིང་གྲོང་ཁྱེར་ཡིའུ་དབྱང་རྫོང་ཐེན་ཧྲན་པའོ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རན་ཧུའེ་ཡིས། ཐེན་ཧྲན་པའོ་གྲོང་ཚོ་ནི་གྲོང་ཚོ་དབུལ་པོ་ཞིག་རེད། ཉེ་བའི་ལོ་ཤས་རིང་གྲོང་ཚོའི་ལས་བྱེད་པ་དང་གྲོང་མི་ཚོས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱས་ནས་ས་ཆ་གཞན་གྱི་མིག་དཔེ་བཟང་པོ་སློབ་སྦྱོང་བྱས་ཡོད་ལ་རང་ངོས་ཀྱི་དབུལ་སྒྲོལ་ལམ་བུ་གསར་པའང་འཚོལ་ཞིབ་བྱས་ཡོད། “ད་ལྟ་ལས་ཀ་བྱེད་པའི་ང་ཚོའི་སེམས་ཤུགས་ཆེ་རུ་ཕྱིན་སོང”ཞེས་གསུངས་པ་རེད།
         “རྨང་གཞི་བརྟན་པོ་མེད་ན་རི་འགུལ་བ་དང་ས་གཡོ་བྱེད་སྲིད”ཨན་ཧུའེ་ཞིང་ཆེན་ཧྲེ་རྫོང་ཏ་མའོ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡའོ་ཧྲུན་ཝུའུ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། “གཞི་རིམ་ཏང་འཛུགས་སྐྱོང་སྟོབས་ཆེར་བཏང་ཚེ་གཞི་ནས་རྡོ་ཁབ་ལེན་བཞིན་ཡུལ་མི་སྤུན་མཆེད་ཚོའི་སེམས་པ་གཅིག་ཏུ་སྒྲིལ་ཐུབ”ཅེས་གསུངས་པ་རེད།
         “ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་ལྕགས་ལམ་གྱི་རྨང་གཞིའི་འཛུགས་སྐྲུན་ཉིན་རེར་སྤྱི་ལེ་ཆིག་སྟོང་ཙམ་ཟིན་པ་དང་མིག་སྔར་གྲོང་ཁྱེར་ཚང་མར་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་ཡོད”ཧྥུའུ་ཅན་འཛུགས་སྐྲུན་ཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཕེ་ཡིས། འབྱུང་འགྱུར་ལ་ཁ་ཕྱོགས་ནས་སྐྱེལ་འདྲེན་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། “མྱུར་བགྲོད་ལྕགས་ལམ་དང་ཡུལ་སྐོར”ཟུང་དུ་སྦྲེལ་བའི་ལས་རྣམ་གསར་པའི་གསར་སྤེལ་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་མི་དམངས་མང་ཚོགས་ཚོར་མྱོང་ཚོར་དེ་བས་ཡག་པ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།