འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གྲྭའི་ནང་ཁྲིད་ཐུབ་པ་བྱེད་དགོས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “ཙུང་ལིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས་ཞེས་གསུངས་པས་རང་ཉིད་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་དེ་སློབ་གྲྭ་འབྲིང་ཆུང་དུ་ཁྲིད་དགོས་ངེས་ཀྱི་སློབ་ཚན་ཞིག་ཏུ་འགྱུར་བ་བྱེད་དགོས་སྙམ”ཞེས་ཚོགས་འདུ་གཉིས་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་གི་ཞིབ་འཇུག་ཡིག་ཚགས་པ་ཆི་མེས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་སྐབས་གྲོས་འགོ་དེ་ལྟར་བཏོན་ཞིང་། ཁོང་གིས་སློབ་གྲྭས་དགེ་རྒན་དཔུང་ཁག་གི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། མཐོ་སློབ་དང་། ཞིབ་འཇུག་ཁང་། རྟེན་རྫས་བཤམས་མཛོད་ཁང་སོགས་སྒྲིག་གཞིའི་ཞིབ་འཇུག་པ་དགེ་རྒན་དུ་གདན་དྲངས་ཆོག་ལ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་འབྲེལ་ཡོད་རིག་ཚན་གྱི་སློབ་གཞིའི་ནང་བཅུག་ནས་སློབ་མ་ཚོར་ཤེས་བྱའི་ནང་དོན་མཐར་ཕྱིན་པ་ཤེས་པ་བྱེད་པའི་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་ཉམས་སུ་མྱངས་ནས་རིག་གནས་ཀྱི་གདེང་ཚོད་ཟབ་ཏུ་གཏོང་དགོས་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།