འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཕིང་ཁྲང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཧན་གོར་འབྱོར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཕིང་ཁྲང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཉེ་ཆར་ཧན་གོར་འབྱོར་ཏེ་ཚེས་9ནས་ཚེས་18ཉིན་བར་གཉེར་རྒྱུའི་ཕིང་ཁྲང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་རེད།
         འཐུས་མི་ཚོགས་པ་དེ་ལུས་རྩལ་པ་དང་། རྩལ་འཁྲིད་པ། ཐོན་དང་པུའི་ལས་དོན་མི་སྣ་བཅས་60ལྷག་ཙམ་ལས་གྲུབ་པའི་ཁྲོད་ལུས་རྩལ་པ་26ཡོད་པ་རེད། ད་རེས་ཀྱི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་འཐུས་མི་ཚོགས་པས་རི་མཐོའི་གངས་ཤུད་དང་། པང་ལེབ་རྐྱང་པའི་གངས་ཤུད། བྱེས་བགྲོད་གངས་ཤུད། དགུན་དུས་ཀྱི་རྣམ་གྲངས་གཉིས། རྐུབ་སྟེགས་འཁོར་ལོ་ཅན་གྱི་འཁྱགས་ལྟིར་བཅས་རྣམ་གྲངས་ཆེ་གྲས་5ཡི་རྣམ་གྲངས་ཆུང་གྲས་30ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
         ད་རེས་ཀྱི་འཐུས་མི་ཚོགས་པའི་ཐོན་ཀྲང་གཞོན་པའི་འགན་ཁུར་མཁན་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཁོངས་མི་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་ཝང་མེ་མེ་ཡིས་གསར་འགོད་པར་འཐུས་མི་ཚོགས་པ་ད་རེས་ཕིང་ཁྲང་དུ་འགྲན་བསྡུར་ནང་ཞུགས་པར་ཡོང་བ་དེ་ཀྲུང་གོའི་དབང་སྐྱོན་དགུན་དུས་ལུས་རྩལ་འགྲན་བསྡུར་འཕེལ་རྒྱས་ཀྱི་གཅིག་སྡུད་ཞིབ་དཔྱད་ཅིག་ཏུ་འགྱུར་རྒྱུ་དང་ཆབས་ཅིག་2022ལོར་པེ་ཅིང་གི་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་དང་གྲབས་གཉེར་བྱེད་པའི་ལྷུ་ཚིགས་གལ་ཆེན་དང་མངའ་ཁོངས་ཕྱིར་སྦྱོང་བརྡར་བྱས་པ་ཞིག་ཀྱང་ཡིན། འཐུས་མི་ཚོགས་པས“འགྲན་བསྡུར་ལྟད་མོ་ཆེན་པོ་གཉེར་བ་དང་འགྲན་བསྡུར་ནང་གྲུབ་འབྲས་ཐོབ་པའི་སྒོ་ནས་ཞུགས་པའི”དམིགས་ཚད་ལ་དམ་པོར་དམིགས་ནས་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་དབང་སྐྱོན་ལུས་རྩལ་གྱི་སྙིང་སྟོབས་ལ་བརྟེན་ནས་ཕིང་ཁྲང་གི་འགྲན་རའི་ཐོག་ཀྲུང་གོའི་དབང་སྐྱོན་པའི་སྙིང་རུས་དང་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ་བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།