འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་གསུམ་རིང་ཤང་གྲོང་དང་སྒྲིག་ཚང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་
    གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར། སླད་ཕྱིན་ལོ་གསུམ་རིང་བོད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་ཤར་བགྲོད་ཀྱི་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ”པའི་དུས་མཇུག་ཏུ་ཤང་གྲོང་དང་སྒྲིག་ཚང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་ཡོངས་ལ་གཞུང་ལམ་ཤར་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཡང་སྐྱིད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་འགྲིམ་འགྲུལ་གྱི་འདེགས་སྐྱོར་ནུས་ལྡན་བྱ་ཆེད། སླད་ཕྱིན་ལོ་གསུམ་རིང་བོད་ཀྱིས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”གཙོ་གནད་དུ་བྱས་ཏེ་གྲོང་གསེབ་གཞུང་ལམ་གྱི་དྲ་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཤང་གྲོང་དང་སྒྲིག་ཚང་གྲོང་ཚོར་གཞུང་ལམ་ཤར་བགྲོད་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་གཞུང་ལམ་དང་གྲོང་ཚོ་དང་དུད་ཚང་དུ་ཤར་གཏོང་ཐུབ་པའི་གཞུང་ལམ་སོགས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས། ཤང་གྲོང་དང་སྒྲིག་ཚང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་སྔ་སྣུར་དུ་ལེགས་འགྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་དང་དུས་མཚུངས། གྲོང་གསེབ་ཀྱི་སྐྱེལ་འདྲེན་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། 2020ལོར་སླེབས་སྐབས་ཆ་རྐྱེན་འཛོམས་པའི་ཤང་གྲོང་དུ་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་80%ཟིན་པ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
         ས་ཁམས་དང་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་བོད་ཀྱི་གྲོང་གསེབ་ཀྱི་ཞིང་འབྲོག་པ་ཕྱོགས་ཐོན་བྱེད་སྐབས་སྟབས་བདེ་མེད་པའི་གནད་དོན་མངོན་གསལ་དོད་པོ་ཡོད་པས་དེ་ཐག་གཅོད་བྱ་ཆེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་གྲོང་གསེབ་ཀྱི་གཞུང་ལམ་ལམ་ཐག་2012ལོའི་སྤྱི་ལེ་53244ནས་མིག་སྔའི་སྤྱི་ལེ་60421བར་མང་དུ་སོང་བ་མ་ཟད། ད་དུང་ཤར་གཏོང་ཐུབ་ཚད་དང་ཤར་བགྲོད་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུའང་ཕྱིན་ཡོད། 2017ལོ་ཁོ་ནར་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་1374བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་422.43བཏང་སྟེ་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་6887གསར་འཕར་བྱུང་བ་དང་ཤང་གྲོང་40དང་སྒྲིག་ཚང་གྲོང་ཚོ་166ཏུ་ཨར་འདམ་ལམ་བཏིངས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།