འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཞིང་འབྲོག་པར་གཟེངས་
    བསྟོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་08ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ཀྱིས་ཁག་དང་པོའི“ཞིང་འབྲོག་པ་རྩེ་གྲ་བཅུ”ལ་གཟེངས་བསྟོད་བྱས་ནས་2017ལོ་འཁོར་ནང་ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་རིང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་ཞིང་འབྲོག་པར་གཟེངས་བསྟོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་པ་བཅུ་པོ་དེ་དག་ནི་གསོ་ཚགས་དང་འདེབས་འཛུགས་དུད་ཆེན་དང་། ཁྱིམ་ཚང་ཞིང་རའི་བདག་པོ། ཞིང་འབྲོག་པའི་མཉམ་ལས་ཁང་གི་འགན་འཁུར་བ། གྲོང་གསེབ་ཡུལ་སྐོར་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཞིང་འབྲོག་ཁོངས་གཏོགས་ཀྱི་ཕུལ་བྱུང་མི་སྣ་ཤ་སྟག་ཡིན་ཞིང་། མི་རེར་སྒོར་ཁྲི་1གི་ཐོན་སྐྱེད་ཁ་གསབ་རོགས་དངུལ་རག་ཡོད་པ་རེད།
         བྱ་དགའ་ཐོབ་པའི་འཐུས་མི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོའི་ཁྱིམ་ཚང་འབྲོག་རའི་བདག་པོ་ཆོས་དཀར་གྱིས་ཉེ་བའི་ལོ་ཤས་རིང་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་བྱེད་སྟངས་འཕེལ་རྒྱས་བཏང་བར་ཕན་འབྲས་བཟང་པོ་ཐོན་པ་དང་ལོ་ལྟར་ཁྱིམ་ཚང་འབྲོག་རའི་ཡོང་འབབ་ཀྱི་30%(སྒོར་ཁྲི་30ཙམ)སྤྱད་ནས་དབུལ་སྐྱོར་བྱ་གཞག་དང་གྲོང་ཚོ་རིམ་པའི་འཛུགས་སྐྲུན་ཐད་སྤྱད་ཡོད་པ་རེད།
        ཆོས་དཀར་གྱིས“སྲིད་གཞུང་གིས་ཁྱིམ་ཚང་འབྲོག་ར་འཛུགས་པའི་ཐད་ང་ལ་རོགས་རམ་དང་རྒྱབ་སྐྱོར་མང་པོ་གནང་བྱུང་། ད་ཆ་ང་ཕྱུག་པོ་ཆགས་པས་མི་སྔར་ལས་མང་བ་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་རྒྱུར་རོགས་པ་བྱེད་དགོས་ངེས་རེད”ཅེས་བཤད།
         བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ད་རེས་དཔྱད་འདེམས་བྱེད་དོན་ནི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་འབྲོག་པའི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པའི་ཁྲོད་ཀྱི་ཞིང་འབྲོག་པ་གསར་པའི་སྣེ་ཁྲིད་ནུས་པ་སྔར་བས་ཆེ་རུ་བཏང་སྟེ“ཞིང་འབྲོག་ལས་ལ་མཁས་པ་དང་། ཞིང་འབྲོག་ཁུལ་ལ་དགའ་ཞེན་ཆེ་བ། ཞིང་འབྲོག་པར་བརྩེ་བ་ཟབ་པ”བཅས་ཀྱི“ཞིང་གསུམ”ལས་ཀའི་དཔུང་ཁག་གསོ་སྐྱོང་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།