འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་ནས་ཀྲང་ཅ་ཁུའོ་བར་གྱི་ཞིབ་བཟོ་བྱས་པའི་རིག་ནུས་མྱུར་བགྲོད་ལྕགས་ལམ་གྱི་
    ཤུགས་འགྲེམས་མེ་འཁོར་རང་འགུལ་ཅན་མངོན་འགྱུར་ཡོང་ངེས་རེད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ལྕགས་ལམ་ཚན་རིག་ཞིབ་འཇུག་ཁང་གི་དབུ་བཞུགས་ལག་རྩལ་ཆེ་མོ་བ་ཀྲའོ་ཧུང་ཝེ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི“ཨུ་ཡོན་གྱི་བགྲོད་ལམ”ཐོག འབྱུང་འགྱུར་ཀྲུང་གོའི་ཤུགས་འགྲེམས་མེ་འཁོར་རིམ་སྤེལ་ཅན་དང་། རིག་ནུས། ལྗང་མདོག་བཅས་ཀྱི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་རེད་ཅེས་གསུངས།
         “མིག་སྔར་ང་ཚོ་ཞིབ་སྤེལ་ཚོགས་པས་མྱུར་ཚད་སྤྱི་ལེ་350ཡི‘བསྐྱར་དར་རྟགས་ཅན’གྱི་རྨང་གཞིའི་ཐོག མྱུར་ཚད་སྤྱི་ལེ་250དང་སྤྱི་ལེ་160ཡི་རང་ཚུགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གྱི་རིམ་སྤེལ་ལས་སྟེགས་ཞིབ་བཟོ་བྱས་ཏེ་འཁོར་སྐྱོད་ཀྱི་ཁོར་ཡུག་དང་ས་གཤིས་ཀྱི་ཆ་རྐྱེན་མི་འདྲ་བར་འཚམ་པར་བྱེད་ཀྱི་ཡོད”ཅེས་ཀྲའོ་ཧུང་ཝེ་ཡིས་གསུངས། ཁོང་གིས་གཞན་ཡང“པེ་ཅིང་ནས་ཀྲང་ཅ་ཁོའུ་བར་གྱི་རིག་ནུས་ཅན་གྱི”རྩེར་སོན་ལས་གྲྭ་གཏོད་པའི་བླང་བྱ་དང་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བླང་བྱ་གཞིར་བཟུང་པེ་ཅིང་ནས་ཀྲང་ཅ་ཁོའུ་བར་གྱི་རིག་ནུས་མྱུར་བགྲོད་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་ཞིབ་བཟོ་བྱེད་བཞིན་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།