འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་
    སློབ་གསོ་རྒྱལ་ཡོངས་དང་དུས་གཅིག་ཏུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡོང་བར་
    འབད་བརྩོན་ཆེན་པོ་བྱེད་དགོས་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། 2018ལོའི་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། 2017ལོའི་སློབ་གསོའི་ལས་དོན་ཕྱོགས་བསྡོམས་བྱས་པ་དང་། 2018ལོ་དང་དེ་བཞིན་སླད་ཕྱིན་དུས་སྐབས་ཤིག་རིང་གི་སློབ་གསོའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། བོད་ལྗོངས་ཀྱི་སློབ་གསོ་རྒྱལ་ཡོངས་དང་དུས་གཅིག་ཏུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་དམིགས་ཡུལ་མངོན་འགྱུར་འབད་བརྩོན་ཆེན་པོ་བྱེད་དགོས་ཞེས་བཏོན་པ་རེད།
         གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སློབ་གསོར་བརྟེན་ནས་བོད་ལྗོངས་སྟོབས་ཆེན་དུ་གཏོང་བའི་འདུ་ཤེས་བརྟན་པོར་འཛུགས་པ། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས། བསམ་བློའི་ཆབ་སྲིད་ལས་དོན་ལ་ཚད་མཐོའི་མཐོང་ཆེན། སློབ་གསོ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། བསྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བཅས་བྱས་ཏེ་དུས་རབས་གསར་པའི་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་གཉེར་ཧུར་བརྩོན་ཆེན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         གྲོས་ཚོགས་ཀྱིས་སྤུས་ཚད་མཐོ་བའི་སློབ་གསོ་ལེགས་གཉེར་ལ་ཧུར་བརྩོན་ཆེན་པོ་དང་། ལས་རིགས་སློབ་གསོའི་མི་འདང་ས་ཁ་གསབ་གང་མགྱོགས། སློབ་ཤོར་ཚོད་འཛིན་དང་སློབ་ཞུགས་འགན་ལེན་ལས་དོན་ལེགས་སྒྲུབ་ཏན་ཏིག དགེ་རྒན་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་རྒྱུན་མཐུད་བཅས་བྱས་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་རྒྱང་སྐྱོད་གསར་པར་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།