འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་གསུམ་ནང་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་གཞུང་ལམ་
    ཤར་གཏོང་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    རྔ་ཆེན་ཟམ་ཆེན་གྱི་དུམ་བུ།
    རྔ་ཆེན་ཟམ་ཆེན་གྱི་དུམ་བུ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་གསལ་དུ། མ་འོངས་པའི་ལོ་གསུམ་ནང་བོད་ལྗོངས་ཀྱིས་གྲོང་གསེབ་ཏུ་གཞུང་ལམ་ཤར་གཏོང་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ"ལོ་ལྔ་ཚན་བཅུ་གསུམ་པའི"དུས་མཇུག་ཏུ་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མ། ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་བཅས་ཡོངས་རྫོགས་ལ་གཞུང་ལམ་ཤར་གཏོང་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད། 2017ལོའི་ལོ་མཇུག་བར་དུ་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་རྫོང་གྲོང་མེ་ཏོག་རྫོང་ཕུད་པ་ཚང་མར་གཞུང་ལམ་ཤར་གཏོང་བྱས་པ་དང་། ཤང་གྲོང་རྡལ་དུ་ཤར་གཏོང་ཐུབ་ཚད་99.71%ཟིན་ཞིང་། སྒྲིག་གཞི་ཚང་བའི་གྲོང་ཚོར་ཤར་གཏོང་ཐུབ་ཚད་99.52%ཟིན་པ་རེད། བོད་ལྗོངས་ཀྱི་ལྗོངས་ཡོངས་སུ་མེ་ཏོག་རྫོང་ཕུད་པ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་ཀྱི་ཡོད་ཅིང་། ཤང་གྲོང་དུ་རྒྱུན་ཚིགས་རླངས་འཁོར་ཤར་གཏོང་ཐུབ་ཚད་70.6%ཟིན་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་45.6%ཟིན་པ་རེད། གཞུང་ལམ་ལམ་རྒྱུད་ཀྱི་ཞིང་འབྲོག་མང་ཚོགས་མང་པོ་ཞིག་གིས་སྐྱེལ་འདྲེན་ཀུང་སི་དང་ཁྱིམ་ཚང་འགྲུལ་ཁང་སོགས་གཉེར་འགོ་བརྩམས་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་རེད།
    རྔ་ཆེན་ཟམ་ཆེན་གྱི་དུམ་བུ།
    རྔ་ཆེན་ཟམ་ཆེན་གྱི་དུམ་བུ།
      

    ཕྱོགས་བསྡུས་གསར་འགྱུར།