འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་སྐལ་བཟང་སྒྲོལ་དཀར་(བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་
    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་)གྱིས་གྲོང་མིའི་ཕྱུག་སྒྱུར་གྱི་ནུས་རྩལ་
    མཐོ་རུ་གཏོང་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 17:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།འཐུས་མི་སྐལ་བཟང་སྒྲོལ་དཀར་(བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་
གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་)གྱིས་གྲོང་མིའི་ཕྱུག་སྒྱུར་གྱི་ནུས་རྩལ་
མཐོ་རུ་གཏོང་དགོས་ཞེས་བརྗོད་པ།
         མི་དམངས་དྲ་བའི་འཕྲིན། གཞི་རིམ་ལས་བྱེད་པ་ཞིག་གི་ཡིན་པའི་ཐོག་ནས་ངས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་དུ་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་བ་ལས་བྱུང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་མྱོང་ཚོར་གཏིང་ཟབ་པོ་བྱུང་ཡོད། 
         སྔོན་ཆད་ཀྱི་འདམ་རྫབ་ཆེ་བའི་ལམ་དང་རྗེས་ལུས་ཀྱི་ཐོན་སྐྱེད་ནས་ད་ལྟའི་གཙང་ཞིང་གྲ་འགྲིག་པོའི་གྲོང་ཚོའི་ཁོར་ཡུག་དང་དཔལ་ཡོན་དར་བའི་ཡུལ་སྲོལ། ང་རང་སྡོད་སའི་དར་དམར་གྲོང་ཚོ་དེ་2016ལོར་གྲོང་ཚོ་ཡོངས་དབུལ་ཕོངས་ལས་གྲོལ་བ་མངོན་འགྱུར་བྱུང་བ་རེད། དེ་ནི་ཏང་དང་སྲིད་གཞུང་གིས་དར་དམར་གྲོང་ཚོར་གནད་སྨིན་དབུལ་སྒྲོལ་བྱེད་ཐབས་ལག་བསྟར་བྱེད་པའི་ཕན་པ་ཐོབ་པ་ཡིན་པ་དཔེར་ན། ཐོན་ལས་དབུལ་སྒྲོལ་ཐད་ཁྲེང་ཀོན་ཆུས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་བྱུང་ནས་དབུལ་ཕོངས་དུད་ཚང་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་ཡོང་འབབ་འཕར་སྣོན་བཏང་བ་ལྟ་བུ་དང་། ཡང་དཔེར་ན་སློབ་གསོ་དབུལ་སྒྲོལ་གྱིས་དབུལ་ཕོངས་དུད་ཚང་གི་སློབ་གྲྭ་ཆེན་པོར་ཡོད་པའི་སློབ་མ་རེར་ཟླ་རེར་འཚོ་བའི་རོགས་དངུལ་གནང་བ་སོགས་ལྟ་བུ་རེད།
         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པར་བྱ་ཐབས་སྣ་མང་གི་སློབ་གསོ་གསོ་སྦྱོང་སྤེལ་བ་དཔེར་ན། ཁ་ལོ་བ་དང་གཙང་སྦྲ་རྒྱུན་འཁོད་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་གྲོང་མིའི་ཕྱུག་འགྱུར་གྱི་ནུས་རྩལ་ཆེ་རུ་གཏོང་བ་དང་། ལས་ལམ་གསར་གཏོད་ཀྱི་རེ་འདོད་ཡོད་པའི་གྲོང་མིར་ལས་ལམ་གསར་འབྱེད་བྱེད་རོགས་བྱེད་རྒྱུ་དང་། གཞི་རིམ་གྱི་ཞབས་ཞུ་ཅན་གྱི་ཏང་གི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་དང་དཀའ་ངལ་ཡོད་པའི་མང་ཚོགས་གཅིག་གཏད་གཅིག་གི་རོགས་སྐྱོར་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུ། དེ་དང་དུས་མཚུངས་སུ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ཞབས་ཞུའི་འདུ་ཤེས་འཛིན་ཤུགས་ཆེ་བའི་གྲོང་མི་ཏང་ཡོན་གྱི་དཔུང་སྡེའི་ནང་དུ་བསྡུ་ལེན་བྱས་ནས་ཏང་གི་རྩ་འཛུགས་ལ་སྟོབས་ཤུགས་གསར་པ་ཁ་གསབ་བྱེད་རྒྱུ་བཅས་ཀྱི་གྲོས་འགོ་དང་། ད་དུང་ཚོང་འགུགས་དངུལ་འདྲེན་དང་མང་ཚོགས་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱ་སྐྱེད་དང་གྲོང་མིའི་ཁེ་སྤོགས་ཡོང་འབབ་འཕར་སྣོན་གཏོང་རྒྱུ་བཅས་ཀྱི་གྲོས་འགོ་འདོན་གྱི་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།