འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཉིང་གློག་བརྟན་པོའི་ངང“ཕྱིར་སྐྱོད་བཞིན་ཡོད”ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ཉིང་གློག་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཧྲོའུ་ཅུན་གྱིས་ཚེས་3ཉིན། ཀྲུང་གོ་ཉིང་གློག་ཚོགས་པས་ཕ་ཁི་སི་ཐན་དང་། ཨ་ཀེན་ཐིན། སོ་རི་ཨ་རབ། ཨ་རི། ཀག་ན་སོགས་རྒྱལ་ཁབ་དང་ཉིང་གློག་མཉམ་ལས་བྱས་པར་འཕེལ་རྒྱས་གསར་པ་རབ་དང་རིམ་པ་བྱུང་བས་ཀྲུང་གོའི་ཉིང་གློག་གོམ་སྟབས་བརྟན་པོའི་ངང“ཕྱིར་སྐྱོད”བཞིན་ཡོད་ཅེས་གསུངས།
         ཝང་ཧྲོའུ་ཅུན་གྱིས་མིག་སྔའི་བར། ཀྲུང་གོ་ཉིང་གློག་ཚོགས་པས་ཕ་ཁི་སི་ཐན་དང་མཉམ་ལས་བྱས་ནས་འཛུགས་སྐྲུན་བྱས་པའི་ཉིང་གློག་རྣམ་གྲངས་ཀྱི་སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་463ཟིན་ཡོད་པ་དང་། སྐྱེལ་བཞིན་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་130ལྷག་ཙམ་ཟིན་ཡོད་པ་དེས་ཕ་ཁི་སི་ཐན་གྱི་གློག་ཤུགས་ཁ་ཐང་བའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་པ་དང་། ས་ཆ་དེ་གའི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་མ་ཟད། དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད་ཅེས་གསུངས།
        ཀྲུང་གོ་ཉིང་གློག་ཚོགས་པས་ཨ་ཀེན་ཐིན་དང་། སོ་རི་ཨ་རབ། ཨ་རི། ཀག་ན་བཅས་དང་ཉིང་གློག་མཉམ་ལས་བྱེད་པའི་ཐད་ལའང་འཕེལ་རིམ་འགངས་ཆེན་བྱུང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།