འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་ཧོང་ཀྲེན་གྱིས་སློབ་གསོ་དོ་མི་མཉམ་པའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་
    བཤད་པ།

    ཨུ་ཡོན་ཧོང་ཀྲེན་ནི་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་ཐོག་གཞི་རྒྱ་ཆེ་ཤོས་ཀྱི་སློབ་གསོ་མ་ལག་ཡིན་པའི་ཆ་ནས་རང་རྒྱལ་གྱི་སློབ་གསོ་ཡིས་མི་དམངས་དུང་ཕྱུར་13གྱི་རེ་སྒུག་དང་རྒྱལ་ཁབ་ཀྱི་མ་འོངས་པ་ཁུར་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རང་རྒྱལ་གྱི་སློབ་གསོའི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད་པ་དང་། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་སོང་བ་དང་། ཆུ་ཚད་རྒྱུན་ཆད་མེད་པ་མཐོ་རུ་འགྲོ་བཞིན་ཡོད་ཅིང་། མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་དུ་གཏོང་བའི་ཕྱོགས་སུ་མགྱོགས་མྱུར་འཕེལ་ཞིང་། "ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། འཛམ་གླིང་གི་ཨང་དང་པོ"སྲོག་ཤིང་དུ་གྱུར་པའི་འཛམ་གླིང་གི་སློབ་ཆེན་ཨང་དང་པོའི་གྲས་དང་རིག་གཞུང་ཚན་ཁག་ཨང་དང་པོའི་གྲས་སུ་བཞིན་ཆགས་ཡོད་པ་རེད།
         ང་ཚོས་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་སློབ་གསོ་སྤུས་ལེགས་ཀྱི་དགོས་འདུན་སྐོང་ཐབས་བྱེད་རྒྱུར་དམིགས་ནས་སློབ་གསོ་དོ་མི་མཉམ་པ་དང་ཆ་མི་ཚང་བར་འཕེལ་རྒྱས་འགྲོ་བའི་གནད་དོན་དང་། ཁྱད་པར་དུ་སྔོན་ཐོན་སློབ་གསོའི་འདུ་ཤེས་དང་འཇོན་ཐང་ཅན་དུ་འགྱུར་བའི་ལྟ་ཚུལ་འཕེལ་རྒྱས་ཆ་མི་ཚང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྤྱི་ཚོགས་ཡོངས་སུ་འཇོན་ཐང་ཅན་ལ་འཛིན་པའི་འདུ་ཤེས་སུ་སྒྱུར་པ་དང་། "ལས་རིགས་སུམ་བརྒྱ་དྲུག་ཅུའི་ནང་། ལས་རིགས་ཚང་མར་ཕུལ་བྱུང་མི་སྣ་ཐོན་པ"དྲིལ་བསྒྲགས་དང་། "འོས་ཤིང་འཚམས་པ་ནི་ལེགས་ཤོས་ཡིན་པའི"འཇོན་ཐང་ཅན་དུ་སྒྱུར་བའི་ལྟ་ཚུལ་དར་སྤེལ་བྱས་ནས། མི་མངོན་པའི་ནུས་པ་སྣ་ཚོགས་ལྡན་པའི་སློབ་མ་ཚོར་རང་ཉིད་ཀྱི་ནུས་རྩལ་འཇོན་ཐང་གསར་སྤེལ་ཚད་ཆེ་ཤོས་བྱེད་པའི་གོ་སྐབས་མཁོ་འདོན་བྱེད་དགོས། མི་དོན་དང་ངལ་རྩོལ། བགོ་བཤའི་ལམ་ལུགས། སྤྱི་ཚོགས་ཀྱི་གདེང་འཇོག་མ་ལག་བཅས་ཀྱི་ཐོག་ལས་རིགས་ཁག་གི་འཇོན་ཐང་ཅན་སྣ་ཚོགས་འཚར་ལོང་ཡོང་བར་ཕན་པའི་ཁོར་ཡུག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། སྤྱི་ཚོགས་དེ་ཉིད་སློབ་གཉེར་གྱི་ལོ་རྒྱུས་རྩིས་མཐོང་ཆེ་བའི་སྤྱི་ཚོགས་ནས་འོས་བབ་རྩིས་མཐོང་ཆེ་བའི་སྤྱི་ཚོགས་སུ་འགྱུར་བའི་མྱུར་ཚད་མགྱོགས་སུ་བཏང་ནས། རང་རྒྱལ་གྱིས་མི་ཤུགས་ཐོན་ཁུངས་ཀྱི་སྟོབས་ལྡན་རྒྱལ་ཁབ་དང་གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུར་སྟོབས་དང་ལྡན་པའི་འཇོན་ཐང་ཅན་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།