འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་རྣམ་གྲངས་
    ཚང་མར་ཞུགས་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དབྱང་དབྱང་གིས“ཨུ་ཡོན་གྱི་བགྲོད་ལམ”དུ་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོས་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་རྣམ་གྲངས་ཚང་མར་ཞུགས་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས།
         2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡག་པོ་ཞིག་ཇི་ལྟར་གཉེར་དགོས་སམ་ཞེ་ན། དབྱང་དབྱང་གིས་འགྲན་དོན་ཆེ་གྲས་ལ་ལུས་རྩལ་པས་གཙོ་བོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དེར་བརྟེན་པེ་ཅིང་གིས་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལུས་རྩལ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལྟོ་ཆས་དང་། ཞག་སྡོད། འགྲིམ་འགྲུལ། འགྲན་དོན་དོ་དམ་སོགས་ལ་ལུས་རྩལ་པར་ཁེ་དབང་དེ་བས་མང་བ་ཐོབ་རེ་བྱས་ཡོད་པས་ལུས་རྩལ་པ་ཚང་མའི་ནང་མིར་འགྲན་དོན་གྱི་སྤ་སེ་རག་ཐུབ་པ་བྱས་ཏེ་འགྲན་རར་རང་གི་གཉེན་ཉེར་ཤུགས་རྒྱག་པ་དང་ངར་ཤུགས་སློང་ཐུབ་པ་བྱེད་དགོས་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།