འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱི་བྱང་རིའི་ནགས་བཟོ་སྔོ་འགྱུར་འདུ་འགོད་ལ་བརྟག་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་སྣེ་ཁྲིད་གནང་བའི་བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་བྱང་རིའི་ནགས་བཟོ་སྔོ་འགྱུར་བྱ་ཡུལ་དུ་བསྐྱོད་ནས་ས་ཚིགས་ཁག་གི་ནགས་བཟོ་སྔོ་འགྱུར་གྱི་འཕེལ་རིམ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་ལས་དོན་གྱི་སྙན་ཞུ་གསན་པ་དང་འབྲེལ་གདེང་འཇོག་ཀྱང་གང་ལེགས་གནང་བ་རེད།
         བརྟག་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས་མཐོང་ཆེན་པོ་དང་སྒྲིག་འཛུགས་ཚགས་ཚུད་བྱས་ཏེ་དཔྱིད་དུས་ཀྱི་ཤིང་འཛུགས་ནགས་བཟོའི་གོ་སྐབས་བཟང་པོ་དམ་འཛིན་དང་། མི་རྒྱུ་དངོས་གསུམ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པ། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་པ་དང་། ནགས་བཟོའི་འཆར་འགོད་ལ་མཛུབ་ཁྲིད་དང་ཚན་ཞིབ་རིགས་པས་ཁུངས་སྐྱེལ་ལ་ཤུགས་སྣོན་བརྒྱབ་སྟེ་ཤིང་འཛུགས་ནགས་བཟོ་ཚན་རིག་དང་ལྡན་པ་དང་ཚད་གཞི་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། དོ་དམ་སྲུང་སྐྱོང་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྡོང་ཕྲུག་གསོན་ཚད་མང་དུ་ཏན་ཏིག་བཏང་སྟེ་ཤིང་བཙུགས་ཕྱིན་གསོན་ཐུབ་པ་དང་སྔོ་ལྗང་ཅན་དུ་འགྱུར་རྒྱུའི་འགན་ལེན་བྱེད་པ། འདེབས་འཛུགས་ཁ་གསབ་བྱས་ནས་སྔོ་ལྗང་ཁུལ་ཕྱོགས་ཡོངས་ནས་སླར་གསོ་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།