འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཅིས་ལིས་རླངས་འཁོར་གྱི་ཐོན་རྫས་གསར་པ་ཨུ་རུ་སུའི་ཁྲོམ་རར་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དངམས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན། ཅིས་ལིས་རླངས་འཁོར་ཀུང་སིའི་SUVའཁོར་དབྱིབས་ཨུ་རུ་སུའི་ཁྲོམ་རར་བཏོན་པ་དེ་ཐོག་ནས་ཅིས་ལིས་རླངས་འཁོར་གྱི་ཐོན་3.0གྱི་ཐོན་རྫས་ཨུ་རུ་སུའི་ཁྲོམ་རར་དངོས་སུ་བཏོན་པ་མཚོན་གྱི་ཡོད་པ་རེད།
          ཅིས་ལིས་མ་རྐང་ཚོད་འཛིན་ཚོགས་པའི་ཙུང་ཚའེ་ཨན་ཚུང་ཧུའེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས། ཅིས་ལིས་རླངས་འཁོར་གྱིས་ཨུ་རུ་སུའི་ཁྲོམ་ར་དེ་ཉིད་སྔ་ཕྱི་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཐབ་ཇུས་ཁྲོམ་རའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད། མིག་སྔར་ཅིས་ལིས་རླངས་འཁོར་ཨུ་རུ་སུར་ཕྱིར་ཚོང་བྱེད་ཚུལ་སྔར་བཞིན་ལེགས་སུ་འགྲོ་བའི་དུས་མཚམས་སུ་གནས་ཡོད། བྷེ་ཨུ་རུ་སུར་ཅིས་ལིས་ཀྱི་བཟོ་ཁང་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་སྦྲགས། འབྱུང་འགྱུར་ཅིས་ལིས་ཀྱིས་ཨུ་རུ་སུའི་ཁྲོམ་རར་ཐོན་3.0གྱི་ཐོན་རྫས་སྔར་བས་མང་བ་འདོན་རྒྱུ་ཡིན་པ་དང་ཕྱིར་ཚོང་དམིགས་ཚད་ནི་2020ལོར་སླེབས་སྐབས་ལོར་རླངས་འཁོར་ཁྲི་5ཕྱིར་ཚོང་ཐུབ་པ་བྱ་རྒྱུ་དེ་རེད།
          བྷེ་ཨུ་རུ་སུའི་ཅིས་ལིས་རླངས་འཁོར་མ་རྐང་ཚོད་འཛིན་ཀུང་སི་དེ་ཉིད་ཀྲུང་གོ་ཀྲེ་ཅང་ཅིས་ལིས་མ་རྐང་ཚོད་འཛིན་ཚོགས་པ་དང་བྷེ་ཨུ་རུ་སུའི་རླངས་འཁོར་བཟོ་གྲྭས་2011ལོའི་ཟླ་12པར་བཙུགས་པ་ཞིག་རེད། 2017ལོའི་ཟླ་11པར། བྷེ་ཨུ་རུ་སུའི་ཅིས་ལིས་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིས་གསར་དུ་བསྐྲུན་པའི་རླངས་འཁོར་བཟོ་སྐྲུན་བཟོ་གྲྭ་ཨར་ལས་ལེགས་སྒྲུབ་ཟིན་ཡོད། བཟོ་གྲྭ་དེས་ཐོན་སྐྱེད་བྱས་པའི་རླངས་འཁོར་བྷེ་ཨུ་རུ་སུར་ཕྱིར་ཚོང་བྱེད་པ་མ་ཟད། ཨུ་རུ་སུ་སོགས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་ལའང་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།