འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱ་རྩིས་དཔྱིད་ཐ་ཤིང་མོ་སྦྲུལ་ཟླ་ཆུང་བ། ཚེས་གཅིག་ནས་བཅོ་ལྔ་བར་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་ཆེན། ཚེས་4ཁྱིའི་ལྔ་ཆ་གཉིས་ནས་རང་ཟླའི་དབུགས་ཐོབ། ཤིང་རྩི་ཁ་འབུས། དཔྱིད་ཟུག ས་དྲོད་ཅུང་སླེབས། ངང་པ་འདམ་ནས་འདོན། རྒྱ་ནག་ཏུ་ས་གླང་བརྟག བོད་ན་བཤད་པ་ཅན་གྱི་ཟླ་བའང་ཟེར། མཚོ་ལ་དར་ཆགས། ཉ་མཁར་འཇིག ས་ལུད་འདོན་སྐྱེལ་རན། སྟོད་བྱང་འབྲོག་པའི་ས་ཁུལ་དུ་གནོད་འགོག་ཕྱུགས་སྲུང་ལ་ཤུགས་སྣོན་རྒྱག་དགོས། ཚེས་11ཕག་གི་ལྔ་ཆ་གསུམ་ནས་འགྲོ་བའི་སྒྲོན་མེ་བུམ་པའི་ཁྱིམ་དུ་འབྱོར། ཟླ་བདག་རྩུབ། རང་ཟླའི་ཚེས་11ནས་ཕྱི་ཟླའི་ཚེས་12བར་བུམ་སྟོང་ནུབ། ཚེས་20བྱི་བའི་ལྔ་ཆ་གཉིས་ནས་ཚེས་21བྱི་བའི་ལྔ་ཆ་བཞི་བར་ཉི་མ་ནག ཚེས་20བྱི་བའི་ལྔ་ཆ་ལྔ་ནས་དཔྱིད་ཐོག་མའི་རང་སྒང་ཟིན། ཚེས་23ནས་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་དང་ཤོལ་པོ་ཟླ་ཕྱེད་ཟིན་པས་དབུས་དང་ལྷོ་རྒྱུད་ས་ཁུལ་ཁག་ལ་སྔ་འདེབས་ཀྱི་འདེབས་ཆུ་གཏོང་འགོ་ཚུགས་པ་དང་། སྟོད་བྱང་འབྲོག་པའི་ས་ཁུལ་དུ་སྤྱི་ལ་ཁ་རླུང་བུ་ཡུག་ལྡང་བའི་དུས་དེར་ཕྱུགས་ཟོག་དང་དཀར་ནག་ལ་གངས་སྐྱོན་མི་ཡོང་བ་དང་། ལུག་གུ་དང་རེའུ་སྐྱེ་བསུ་སོགས་གསོ་ཚགས་ནན་ཏན་བྱ་དགོས།
         སྤྱི་ལ་ཟླ་འདིར་འབྱུང་བ་ས་ཆུ་མེ་གསུམ་གྱི་ཁམས་ཤས་ཆེ་བས་ཡུལ་སྤྱིར་འཐིབས་ཤས་ཆེ་ཞིང་ཁ་རླུང་འཚུབ་པ་ཅུང་མང་། བྱེ་བྲག་ཚེས་2ནས་ལྷག་པ་དང་པ་སངས། མཇུག་སྐར་བཅས་ནུབ་བྱང་དང་། ཚེས་8ནས་མིག་ཕུར་སྤེན་གསུམ་ལྷོ་ནུབ་སྐར་མར་སྤྱོད་པས་ཕྱོགས་དེར་གནམ་གཤིས་ཚ་གྲང་འགྱུར་ལྡོག་ཆེ་ཞིང་ཁ་རླུང་འཚུབ་པ་དོགས། ཤར་ལྷོའི་ཁུལ་དུ་འཐིབས་ཤས་ཆེ་ཡང་ཁ་ཆར་གྱི་འབབ་ཚད་ཞན། སྤྱིའི་འབབ་ཚེས་1、2、4、6、8、10、14、18、20、23、24、25、27、29བཅས་ཀྱི་སྐོར་ལ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།