འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་སྒུལ་བདེའི་འཕྲིན་གཏོང་འགྲེམས་སྟོན་ཐོག་ཀྲུང་གོའི་ལག་ཐོགས་ཁ་པར་གྱི་
    བཀྲག་མདངས་མངོན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས། 2018ལོའི་འཛམ་གླིང་སྒུལ་བདེའི་འཕྲིན་གཏོང་འགྲེམས་སྟོན་སི་ཕེན་གྱི་པཱ་སའེ་ལུའོ་ནཱ་འགྲེམས་ཚོགས་ལྟེ་གནས་སུ་སྤེལ་བ་རེད། རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་གྱི་འགྲེམས་ཞུགས་ཁེ་ལས་2300དང་སྒུལ་བདེའི་ལས་རིགས་ཀྱི་ཆེད་ལས་མི་སྣ་མང་པོ་ཞིག་འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད། ད་ཐེངས་ཀྱི་འགྲེམས་ཚོགས་ནང་ཀྲུང་གོས་བཟོས་པའི་ལག་ཐོགས་ཁ་པར་དེ་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཅིང་། རྒྱལ་སྤྱིའི་དབང་གྲགས་སྙན་ཞུའི་ཐོག་ནས་མངོན་པར། ཀྲུང་གོའི་རིག་ནུས་ལག་ཐོགས་ཁ་པར་དེ་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་ཡོད་པ་མ་ཟད། ཀྲུང་གོའི་ལག་ཐོགས་ཁ་པར་གྱི་སྤུས་རྟགས་མང་པོ་ཞིག་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།