འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།“འཕེལ་རྒྱས་ཀྱི་བསམ་ཕྱོཌ་བཏོན་པ་ནི་ལོ་གསར་གྱི་ལག་རྟགས་ཡག་ཤོས་དེ་རེད”

    —— ཡར་འབྲོག་གཡུ་མཚོའི་འགྲམ་གྱི་གྲོང་ཚོ་དབུལ་སྒྲོལ་ཡོང་བ་བྱེད་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གཡུ་ལྟར་སྔོ་བའི་ཡར་འབྲོག་གཡུ་མཚོའི་འགྲམ་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་འདབ་ལུང་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་འཁྲུག་ཆ་ཧ་ཅང་དོད། བོད་རིགས་མང་ཚོགས་དགུ་བཅུ་ཙམ་གྱིས་འཚམས་འདྲིའི་ལག་རྟགས་བླངས་མ་ཐག་འཚང་ཁ་ཤིག་ཤིག་ངང་ལས་བྱེད་པར་དཀར་གཙང་གི་མཇལ་དར་སྒྲོན་བཞིན་འདུག
         དེ་ནི་གྲོང་སྡོད་ལས་དོན་རུ་ཁག་གིས་སྒྲིག་འཛུགས་བྱས་པའི་དཔྱིད་དུས་སུ་དུད་ཚང་དབུལ་པོར་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་ཞིག་རེད། པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྲུང་གོའི་གཅེས་སེམས་མཉམ་གཏོད་སྒྲིག་འཛུགས་ཨུ་ལྷན་གྱིས་དུད་ཚང་དབུལ་པོ་93ལ་སྒོར་ཁྲི་3རི་བའི་ཀམ་པ་ལི་100སྤྲད་པ་མ་ཟད། གྲོང་ཚོ་ཨུ་ལྷན་ལ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐེབས་རྩའི་དངུལ་སྒོར་ཁྲི་8.8ཞལ་འདེབས་བརྒྱབ་པ་རེད།
         འདབ་ལུང་གྲོང་ལྷན་ནི་ཞིང་ཆེན་ལམ་307གྱི་འགྲམ་དུ་གནས་པ་དང་རྒྱབ་ཏུ་གངས་རི་བྱམས་བཟང་ལྷ་མོ་དང་མདུན་དུ་ཡར་འབྲོག་གཡུ་མཚོ་ཡིན་པས་རྩྭ་ཆུ་འཛོམས་ལ་ས་རྒྱུ་གཤིན་པའི་ཁར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཀྱང་། ཐོན་ལས་ཀྱི་འདེགས་སྐྱོར་བྱེད་ནུས་ཞན་སྟབས་དབུལ་ཕོངས་ཀྱི་གནས་སུ་གྱར་བ་མང་པོ་ཡོད།
         ཟླ་དང་པོའི་ཟླ་སྟོད་ལ། གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་རུ་ཁག་སླེབས་པ་ནས་བཟུང་གྲོང་ཚོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་བཏོན་ཡོད།
         “ང་ཚོས་ལོ་གསུམ་གྱི་འཆར་གཞི་བཀོད་དེ་སྲིད་གཞུང་གིས་རྒྱབ་སྐྱོར་དང་། མང་ཚོགས་མ་རྐང་ནང་ཞུགས་སུ་འཇུག་པ། སྤྱི་ཚོགས་ཀྱིས་འདེགས་སྐྱོར་བྱེད་པའི་ཐོག་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁར་མང་ཚོགས་སྒྲིག་འཛུགས་ཀྱིས་ལག་གཉིས་ལ་བརྟེན་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན”
         འཐབ་ཕྱོགས་གཅིག་གྱུར་པུའི་གཞུང་དོན་ཁང་གི་ཀྲུའུ་རེན་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་སྐལ་བཟང་ཟླ་བས་ང་ཚོས་ཀྲེ་ཅང་པའོ་ཡེ་ཚོགས་པ་དང་འབྲེལ་བ་བྱས་ཏེ་མ་དངུལ་སྒོར་ཁྲི་བརྒྱ་བཏང་ནས་མང་ཚོགས་ལ“ཡར་འབྲོག་སྣོད་བཅུད་འབྲོག་ར”སྐྲུན་རོགས་ཀྱིས་ཤིང་འཛུགས་ནགས་བཟོ་བྱས་ནས་དེ་གའི་སྣོད་བཅུད་ལེགས་སུ་གཏོང་བ་དང་། སྲོལ་རྒྱུན་རོལ་དབྱངས“ཁྲུང་གླུ”རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
         སྐལ་བཟང་ཟླ་བས་འབྱུང་འགྱུར་ལོ་ཁ་ཤས་ནང་འདབ་ལུང་གྲོང་ཚོ་ཨུ་ལྷན་གྱིས་ལྗང་མདོག་ཐོན་ཟོག་དང་། སྣོད་བཅུད་ཁོར་ཡུག མི་རིགས་ཀྱི་རིག་གནས་བཅས་ཐད་ཡུལ་སྐོར་བའི་ཡིད་དབང་འཕྲོག་པར་བྱས་ཏེ། མང་ཚོགས་སྔར་བས་མང་བར་སྣོད་བཅུད་ཡུལ་སྐོར་ཐོན་ལས་ཁྲོད་ནས་འབབ་འཕར་ཡོང་བ་བྱ་རྒྱུ་རེད། ད་རེས་དངུལ་སྨར་སྒོར་ཁྲི་8.8ཞལ་འདེབས་བརྒྱབ་པ་ཚང་མ་དུད་ཚང་དབུལ་པོ་མ་རྐང་ནང་ཞུགས་པའི་མཉམ་སྡེབ་ཐོན་ལས་ལ་གཏོང་རྒྱུ་དང་། མཁའ་འགྲོ་དང་ཕུར་བུ་མཚམས་གཅོད་དང་འདྲ་བའི་དུད་ཚང་དབུལ་པོའི་མང་ཚོགས་ལ་རྗེས་སུ་བགོ་འགྲེམ་ཐོབ་རྒྱུ་རེད་ཅེས་བཤད།
         2018ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་མཉམ་དུ་ཁེལ་བའི་སྐབས། སྐལ་བཟང་ཟླ་བས“འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་པ་ནི་ལོ་གསར་གྱི་ལག་རྟགས་ཡག་ཤོས་དེ་ཡིན་པས། ང་ཚོས་དངུལ་རྒྱུ་སྤྲོད་རྒྱུ་ཙམ་མ་ཡིན་པར་མང་ཚོགས་རྣམས་དབུལ་སྒྲོལ་དངོས་གནས་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།