འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བསྐྱར་དུ་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བསྐྱར་དུ་བྱེད་འགོ་བརྩམས་པ།
         2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཡིན་ལ། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཞིག་ཀྱང་རེད།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2018ལོའི་ལོ་གསར་གྱི་ཤིས་ཚིག་ནང"ང་ཚོས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་ནས་རི་གཤགས་ལམ་གཏོད་དང་ཆུ་ཐོག་ཟམ་རྒྱག་བྱེད་པ་ལྟར་བསྒྱུར་བཅོས་མཐར་ཕྱིན་པར་བྱེད་དགོས"ཞེས་འབོད་སྐུལ་གནང་བ་རེད།
         ལོ་རྒྱུས་ཀྱི་འགག་སྒོ་གསར་པར་གནས་ཡོད་པས། འཚོག་གྲབས་ཡོད་པའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ངོས་འཛིན་གཅིག་མཐུན་གྱི་སྟོབས་ཆེན་གོང་བུར་སྒྲིལ་བ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་དུས་རབས་གསར་པར་སྐྱོད་པའི་བསྒྱུར་བཅོས་ཀྱི་དཔའ་སྟོབས་སྐུལ་སྤེལ་གཏོང་ངེས་རེད། གོང་གི་པར་རིས་ནི་ཕུ་མ་བྱང་ཐང་ཤང་འཕྲོད་བསྟེན་ཁང་གི་མཁོ་ཆོད་སྨན་པ་དབང་གྲགས་ཀྱིས་ཞིང་འབྲོག་མང་ཚོགས་ལ་ལུས་ཕུང་ཞིབ་བཤེར་བྱེད་བཞིན་ཡོད་པ། 2014ལོར་དབང་གྲགས་བོད་ལྗོངས་གསོ་རིག་སློབ་གླིང་ནས་ཐོན་རྗེས་ཆ་རྐྱེན་དཀའ་ཚེགས་ཆེ་བའི་ཤང་འཕྲོད་བསྟེན་ཁང་དུ་ལས་ཀ་བྱེད་པར་བསྐྱོད་དེ་ཤང་ཡོངས་ཀྱི་དུད་ཚང་282ཀྱི་མི་གྲངས་1100ཙམ་གྱི་འཕྲོད་བསྟེན་ལུས་ཁམས་བདེ་སྲུང་གི་ལས་འགན་འཁུར་བཞིན་ཡོད་པ་རེད།
    【1】  【2】  【3】  【4】
      

    ཕྱོགས་བསྡུས་གསར་འགྱུར།