འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་ཞིང་ཆེན་ཡོངས་ཀྱི་མི་སྤྱིའི་ལས་
    དོན་ལ་དཔྱད་ཞིབ་དམིགས་ཚད་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་བསྡུ་ཚད་དེ་ཞིང་ཆེན་ཡོངས་ཀྱི་མི་སྤྱིའི་ལས་དོན་ལ་དཔྱད་ཞིབ་བྱེད་པའི་དམིགས་ཚད་ནང་ཐོག་མར་བཅུག་པ་དང་འབྲེལ། གྲོང་ཁྱེར་དང་ཀྲོའུ་ཁག་དང་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་ནས་འབྱུང་རྩ་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་བཅོས་སྒྲིག་བྱ་རྒྱུར་རྨང་གཞི་བཏིང་བ་རེད།
         ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱ་ཆེད། རིམ་ཁག་སྲིད་གཞུང་གིས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་ཐད་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། 《ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་ལག་བསྟར་བསམ་འཆར་》ནང“ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་གླ་ཆ་འགན་ལེན་མ་དངུལ་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་འབྲེལ། གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐོན་སླ་བའི་ཁྱབ་ཁོངས་གཞན་དག་ལ་རིམ་བཞིན་རྒྱ་སྐྱེད་གཏོང་དགོས་པའི”གཏན་འབེབས་ཁ་གསལ་བྱས་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མི་སྤྱི་སྡེ་ཚན་གྱིས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་གཙོ་གནད་དུ་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་ཚད་ལྡན་དུ་གཏོང་རྒྱུ་དེ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པའི་བྱེད་ཐབས་ནུས་ལྡན་དུ་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2017ལོར་ཞིང་ཆེན་ཡོངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་སྒོར་དུང་ཕྱུར་7.2བསྡུས་པ་དང་། ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་སྒོར་དུང་ཕྱུར་2.78ཕྱིར་སློག་པར་རིམ་རྩིས་བརྒྱབ་ན་ལྷག་དངུལ་སྒོར་དུང་ཕྱུར་10.48ཟིན་པ་དང་ཁེ་ལས་3688དང་འབྲེལ་བ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་ཞིང་ཆེན་ཡོངས་ཀྱི་མི་སྤྱིའི་ལས་དོན་དཔྱད་ཞིབ་དམིགས་ཚད་ནང་བཅུག་པ་བརྒྱུད། ལས་ཀའི་འགན་འཁྲི་སྔར་བས་དོན་འཁྱོལ་ཐུབ་ནས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ་བྱུང་ཡོད། ལས་ཀའི་གོ་རིམ་ཚད་ལྡན་དུ་བཏང་སྟེ་གླ་ཆ་འགན་ལེན་མ་དངུལ་དེ་འཛུགས་སྐྲུན་རྣམ་གྲངས་མ་དངུལ་ཞིབ་བཤེར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་གཏན་འབེབས་ལྟར་འགན་ལེན་མ་དངུལ་འཇལ་མེད་པའི་ཁེ་ལས་ལ་ཁྲིམས་དང་གཏན་འབེབས་ལྟར་དེའི་ལས་གྲྭ་འཛུགས་སྐྲུན་བྱེད་དུ་འཇུག་གི་མེད། འགན་འཁྲི་བདའ་འདེད་བྱ་རྒྱུ་དོན་འཁྱོལ་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་མ་འཇལ་བར་རང་དགར་ལས་འགོ་འཛུགས་པའི་ཚན་པར་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་ལྟར་དག་ཐེར་བྱེད་དུ་བཅུག་ཡོད། འགན་འཁྲི་ལྟ་སྐུལ་དོ་དམ་ཡག་པོ་མ་བྱུང་བ་དང་ལས་དོན་གནད་ལ་མི་འཁེལ་བའམ་ཡང་ན། རང་དགར་གླ་ཆ་འགན་ལེན་མ་དངུལ་ཆག་ཡང་དང་རྩ་ཆག་བཏང་བ་དང་སྒྲིག་འགལ་ངང་གླ་ཆ་འགན་ལེན་མ་དངུལ་སྒེར་སྤྱོད་བྱས་པའི་རིགས་ཀྱི་འབྲེལ་ཡོད་འགན་འཁུར་བར་འགན་འཁྲི་རྩད་གཅོད་དང་བདའ་འདེད་བཏང་ཡོད་་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།