འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལོ་60དང་དེའི་ཡན་གྱི་རྒན་རྒོན་མི་གྲངས་དུང་ཕྱུར་2.41ཟིན་ནས་མི་གྲངས་
    བསྡོམས་འབོར་གྱི་17.3%ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་26ཉིན་གསར་འགོད་པས་རྒྱལ་ཡོངས་རྒན་རྒོན་གཞུང་ལས་ཁང་གིས་འཚོགས་པའི་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་གནས་ཚུལ་སློབ་གསོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ་དུ། 2017ལོའི་ལོ་མཇུག་གི་བར་དུ་ཀྲུང་གོའི་ལོ་60དང་དེའི་ཡན་གྱི་རྒན་རྒོན་མི་གྲངས་དུང་ཕྱུར་2.41ཟིན་ནས་མི་གྲངས་བསྡོམས་འབོར་གྱི་17.3%ཟིན་ཡོད་པ་རེད།
         སྤྱིར་བཏང་དུ་ལོ་60དང་དེའི་ཡན་གྱི་རྒན་རྒོན་མི་འབོར་གྱིས་མི་གྲངས་བསྡོམས་འབོར་གྱི་10%ཟིན་ཚེ། རྒན་རྒོན་ཅན་གྱི་སྤྱི་ཚོགས་སུ་གྱུར་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱལ་ཡོངས་རྒན་རྒོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཡུས་ཧྲའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་ནི་1999ལོ་ནས་མི་འབོར་རྒན་རྒོན་ཅན་གྱི་སྤྱི་ཚོགས་སུ་གྱུར་པ་ནས་2017ལོའི་བར། རྒན་རྒོན་མི་འབོར་དུང་ཕྱུར་1.1དངོས་འཕར་བྱུང་ཞིང་། དེའི་ནང་ནས་2017ལོར་གསར་འཕར་རྒན་རྒོན་མི་གྲངས་ཐེངས་དང་པོར་ཁྲི་1000ལས་བརྒལ་བས། ཚོད་དཔག་བྱས་ན་2050ལོའི་སྔ་གཞུག་ཏུ་སླེབས་སྐབས། རང་རྒྱལ་གྱི་རྒན་རྒོན་གྱི་མི་གྲངས་མང་ཤོས་ཀྱི་ཚད་དུ་སླེབས་ནས་དུང་ཕྱུར་4.87ཟིན་ནས་མི་གྲངས་བསྡོམས་འབོར་གྱི་34.9%ཟིན་རྒྱུ་རེད།
         སྤྱི་ཚོགས་ཡོངས་ཀྱི་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་རྒྱལ་ཁབ་གནས་ཚུལ་གྱི་འདུ་ཤེས་འཛིན་ཤུགས་སྔར་ལས་ཆེ་རུ་བཏང་ནས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བའི་བྱ་སྤྱོད་སྤེལ་ཆེད། རྒྱལ་ཡོངས་རྒན་རྒོན་གཞུང་ལས་ཁང་སོགས་སྡེ་ཚན་14ཡིས་མཉམ་འབྲེལ་ཐོག་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་རྒྱལ་ཁབ་གནས་ཚུལ་གྱི་སློབ་གསོ་སྤེལ་བའི་གཏན་འབེབས་བྱས་པ་མ་ཟད། ཉེ་སྔོན་《མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་རྒྱལ་ཁབ་གནས་ཚུལ་གྱི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།