འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་རིན་གྲོང་ཚོར་བསྐྱོད་དེ་བདེ་ཐང་གནང་སྟེ་སྨན་ཡོན་མི་
    དགོས་པར་བོད་སྨན་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 16:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། ཉེ་སྔོན་ནག་ཆུ་ས་ཁུལ་ཉི་མ་རྫོང་ཉི་མ་གྲོང་རྡལ་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི“བདེ་ཐང་གནང་བ”སྨན་བཅོས་ལས་དོན་རུ་ཁག་བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས་ཉི་མ་གྲོང་རྡལ་གཡུ་རྒྱལ་གྲོང་ཚོར་བསྐྱོད་ནས་བོད་ཀྱི་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྨན་བཅོས་སྨན་སྦྱིན་གྱིས་བདེ་ཐང་གནང་བའི་བྱེད་སྒོ་སྤེལ་བ་རེད།
         སྨན་བཅོས་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་ལས་བྱེད་མི་སྣའི་དུས་རྒྱུན་གྱི་བཟའ་བཏུང་འགྲོ་སྡོད་དང་། ལུས་ཕུང་གི་གནས་ཚུལ་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་ནས་རྩ་བརྟག་པ་སོགས་བོད་ཀྱི་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ཞིབ་བཤེར་བྱས་པ་བརྒྱུད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཁག་གཅིག་ལ་གསོ་རླུང་ཅུང་མི་འདང་བ་དང་། ཁྲག་མང་ནད། སྙིང་ཕྱོད་མགྱོགས་སྣོན། གསུས་གཟེར། གཉིད་མི་ཁུག་བ་སོགས་ཀྱི་ནད་རྟགས་ཡོད་པ་ཤེས་རྟོགས་བྱུང་བས། ཁོང་ཚོའི་རྒྱུན་ལྡན་འཚོ་བའི་ཁྲོད་གནས་པའི་གནད་དོན་ལ་དམིགས་ནས་སྨན་བཅོས་ལས་དོན་རུ་ཁག་གིས་དེ་མཚུངས་ཀྱི་མཛུབ་སྟོན་བསམ་འཆར་བཏོན་པ་མ་ཟད། ཁོང་ཚོར་སྨན་རིན་མི་དགོས་པར་བོད་སྨན་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།