འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་བོད་རང་སྐྱོང་ལྗོངས་ཀྱིས་དབུལ་པོའི་མི་གྲངས་ཁྲི་4.6གནས་སྤོའི་ལས་ཞུགས་མངོན་འགྱུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་བོད་ལྗོངས་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2017ལོར་བོད་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་འགག་སྒྲོལ་དཀའ་སེལ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5.46གསར་སྣོན་དང་། ཞིང་འབྲོག་མང་ཚོགས་མི་གྲངས་ཁྲི་5.93གསོ་སྦྱོང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི་110.48གནས་སྤོ་བཅས་མངོན་འགྱུར་དང་། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བྱས་ཚད་90.02%ཟིན་པ་དང་། དེའི་ཁྲོད་དུ་ཚོང་རར་ལས་ཞུགས་བྱས་ཚད་55.87%ཟིན་པ། དབུལ་པོའི་མི་གྲངས་ཁྲི་4.97གསོ་སྦྱོང་བྱས་པ་དང་། དབུལ་པོའི་མི་གྲངས་ཁྲི་4.62གནས་སྤོའི་ལས་ཞུགས་མངོན་འགྱུར། སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་པའི་མི་ཐེངས་ཁྲི་343.21ཟིན་པ་དང་། ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་151.25ཟིན་པ། རྒན་གསོའི་འགན་བཅོལ་ལམ་ལུགས་དང་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་སོགས་བསྒྱུར་བཅོས་བྱ་ཐབས་གལ་ཆེན་10ལྷག་ཙམ་དོན་འཁྱོལ་ལག་བསྟར་བཅས་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འགན་འཁུར་པས་ལོ་གསར་པའི་ནང་བོད་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་དེ་ཐོག་མཐའ་བར་གསུམ་དུ་བླ་ན་མ་མཆིས་པའི་གོ་གནས་སུ་བཞག་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ“ལས་གྲྭ་ཆེན་པོ་བདུན”ཇུས་འགོད་དང་ལག་བསྟར་ཡག་པོ་དང་། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པ་མཐའ་འཁྱོངས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བཅས་བྱས་ནས་སྤྱི་ཚོགས་འགན་སྲུང་དང་། ཤེས་ལྡན་མི་སྣའི་དཔུང་ཁག མི་དོན་དོ་དམ། ངལ་རྩོལ་གྱི་འབྲེལ་བ། གླ་ཕོགས་ཡོང་འབབ་བགོ་བཤའ་ལ་སོགས་པའི་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་བཏང་སྟེ་བོད་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྐྱེ་ཚད་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།