འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་ཡོངས་ཀྱིས་མ་ཡུམ་ཆུ་བོར་སྲུང་སྐྱོང་ལས་འགུལ་སྤེལ་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 16:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    གད་སྙིགས་སྒྲུག་བཞིན་པ།
    གད་སྙིགས་སྒྲུག་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ཡར་ལྷ་ཤམ་པོའི་ཆུས་འོད་སྟོང་རབ་ཏུ་འབར་བའི་ཡར་ཀླུང་རིག་གནས་གསོ་སྐྱོང་བྱས་ཤིང་། ལྷོ་ཁའི་མི་དམངས་ཀྱི་མ་ཡུམ་ཆུ་བོ་ཡིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་ཆུ་བོར་སྲུང་སྐྱོང་ཡག་པོ་བྱ་ཆེད། རྒྱ་ཆེའི་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་ཐེངས་མང་བྱས་ནས"ཡར་ལྷ་ཤམ་པོའི་ཆུར་སྲུང་སྐྱོང་བྱས་ནས་མཛེས་པའི་ལྷོ་ཁ་མཉམ་དུ་སྐྲུན"ཞེས་པའི་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱེད་པའི་བྱ་སྤྱོད་སྤེལ་བ་རེད། བྱ་སྤྱོད་སྤེལ་རིང་རྒྱ་ཆེའི་དང་བླངས་པ་ཚོས་ཆུ་བོའི་རྒྱུད་ཀྱི་གྲོང་མིའི་སྡོད་ཁུལ་དང་ཚོང་ཁང་བཅས་སུ་ཟབ་འཇུག་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། ཚང་མར་བྱ་སྤྱོད་དངོས་ཀྱི་ཐོག་ནས་མ་ཡུམ་ཆུ་བོ་སྲུང་སྐྱོང་དང་། མཉམ་དུ་མཛེས་པའི་ལྷོ་ཁ་སྐྲུན་པའི་རེ་འབོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།