འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ས་སྣུམ་གྱི་རིན་གོང་ཟླ་2ཚེས་9ཉིན་གྱི་དགོང་མོར་སྟོན་རྒྱུ་ཡིན་ཞིང་། 2018ལོར་ཐོག་
    མར་ཆག་ཤས་ཆེ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་2ཚེས་9ཉིན་གྱི་ཆུ་ཚོད་24:00ཐོག རྒྱལ་ནང་དུ་ས་སྣུམ་གྱི་རིན་གོང་སླར་སྟོན་རྒྱུ་ཡིན་པ་རེད། ཟླ་2ཚེས་5ཉིན་མ་བཅོས་རྡོ་སྣུམ་ཕྱོགས་བསྡུས་ཀྱི་འགྱུར་ཚད་0.92%ཡིན་པ་དང་། སྔོན་དཔག་བྱ་ན་ཆག་ཚད་ཏུན་རེར་སྒོར་55ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་རྒྱལ་ནང་དུ་ས་སྣུམ་ཐོན་རྫས་ཀྱི་རིན་གོང་ད་བར་དུ་སྤོར་གཅོག་བྱེད་ཐེངས་གཉིས་བྱས་པ་རེད། ས་སྣུམ་ཏུན་རེར་ཁྱོན་བསྡོམས་སྒོར་245རེར་སྙོམས་སྒྲིག་བྱས་པ་དང་། ཁྲའེ་ཡིའུ་སྣུམ་ཏུན་རེར་ཁྱོན་བསྡོམས་་སྒོར་235རེ་རུ་སྙོམས་སྒྲིག་བྱས་པ་རེད། 
         དཔྱིད་གསར་དུས་ཉེན་སླེབས་ལ་ཉེ་ནའང་། སྣུམ་སྣོན་ས་ཚིགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལ་སྔར་བཞིན་འགྱུར་བ་མངོན་གསལ་བྱུང་མེད་པ་དང་། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་ཀུང་སི་སོགས་པའི་གཙོ་གཉེར་ས་ཚིགས་ཀྱི་གཟིགས་སྐྱོང་བྱེད་ཚད་ནི་ཧྲེང་རེར་སྒོར་0.5-0.7བར་ཡས་མས་ཡིན་པ་རེད། དམངས་གཉེར་སྣུམ་སྣོན་ས་ཚིགས་ཀྱི་གཟིགས་སྐྱོང་བྱེད་ཚད་ནི་ཧྲེང་རེར་སྒོར་0.5-1.2རེ་ཡིན་པ་དང་། དམངས་གཉེར་སྣུམ་སྣོན་ས་ཚིགས་ཀྱིས་དམིགས་བཙུགས་ཚེས་གྲངས་(གཟའ་མིག་དམར་ལྟ་བུ་)ལ་དམིགས་བསལ་གཟིགས་སྐྱོང་ཧྲེང་1རེར་སྒོར་1.5-1.8རེ་བར་ཡིན་པ་རེད། གཙོ་གཉེར་སྣུམ་སྣོན་ས་ཚིགས་ཁ་ཤས་ཀྱི་དམིགས་བཙུགས་ཚེས་གྲངས་ཀྱི་དམིགས་བསལ་གཟིགས་སྐྱོང་ནི་ཧྲེང་རེར་སྒོར་0.8-1རེ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།