འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨེ་སོ་ནི་ཡས་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་
    སྒུག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན་2018ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན—པེ་ཅིང་གཟའ་འཁོར”གྱི་ཚན་རྩལ་དཔལ་འབྱོར་ཚོང་དོན་གླེང་སྟེགས་ཨེ་སོ་ནི་ཡའི་རྒྱལ་ས་ཐ་ལིན་དུ་གཉེར་བ་དང་། གླེང་སྟེགས་དེ་ནི་ཀྲུང་ཨེ་ཕྱོགས་གཉིས་པོས་ཚན་རྩལ་མཉམ་ལས་བྱེད་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྱོང་ལ་རམ་འདེགས་བཅས་བྱ་ཆེད་ཡིན་པ་རེད།
         གྲོང་ཁྱེར་ཐ་ལིན་གྱི་ཧྲི་ཀྲང་གཞོན་པ་ཨའེ་ཝའར·ལུའེ་ས་ལུའུ་ཡིས་གླེང་སྟེགས་ཐོག་ཤིས་ཚིག་གསུང་སྐབས་ཐ་ལིན་ནི“གསར་གཏོད་དང་། ལྗང་མདོག དར་རྒྱས་ཆེ་བ”བཅས་ཀྱི་གྲོང་ཁྱེར་ཞིག་རེད། ཨེ་སོ་ནི་ཡའི་རྒྱལ་ས་དང“དཔལ་འབྱོར་སྒུལ་ཤུགས་འཕྲུལ་འཁོར”ཡིན་པའི་ངོས་ནས་ཐ་ལིན་གྱིས་ཕྱི་རྒྱལ་གྱི་མ་འཇོག་མཁན་དང་རྒྱལ་སྤྱིའི་ཀུང་སི་ཐ་ལིན་དུ་འཕེལ་རྒྱས་གཏོང་བ་ཡོང་རྒྱུར་དགའ་བསུ་ཞུ་གི་ཡོད་ཅེས་གསུངས་པ་རེད།
         ཨེ་སོ་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་དང་ཚོང་དོན་ཚན་ཙན་ཝུའུ་ཡན་གྱིས་གསར་གཏོད་ལ་ནམ་ཡང་ཚར་དུས་མེད། དར་རྒྱས་གོང་འཕེལ་ཡོང་བར་མཉམ་ལས་བྱེད་དགོས། ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་2017ལོར“རྒྱུད་གཅིག་ལམ་གཅིག”གི་དྲ་ཐོག་ཚོང་དོན་མཉམ་ལས་ཀྱི་དྲན་ཐོ་སོགས་གྲོས་ཆོད་ལ་མིང་རྟགས་བཀོད་དེ་མཉམ་དུ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐག་བཅད་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཀྲུང་ཨེའི་ཁེ་ལས་ཀྱིས་འཕྲིན་གཏོང་དང་། ཁོར་ཡུག་སྲུང་སྐྱོང་། ཚེ་སྲོག་ཚན་རིག་སོགས་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་སྔར་ལས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།