འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཁ་ན་ཏའི་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་
    བདེ་བླག་ངང་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གོ་དང་ཁ་ན་ཏ་ཡིས་ཨོ་ཐེ་ཝར་ཀྲུང་ཁའི་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་འབྲེལ་《ཀྲུང་ཁའི་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཟིན་བྲིས་གནད་བསྡུས་》ཞེས་པ་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
         ཟིན་བྲིས་གནད་བསྡུས་དེ་ཀྲུང་གོའི་རིག་གནས་པུའི་པུའུ་ཀྲང་ལོ་ཧྲུའུ་ཀང་དང་ཁ་ན་ཏའི་ཤུལ་བཞག་པུའི་པུའུ་ཀྲང་རོ་ལིའི་དབར་གྲོས་མོལ་གནང་རྗེས་ཁྱབ་བསྒྲགས་བྱས་པ་ཞིག་རེད། ཕྱོགས་གཉིས་པོས་ཀྲུང་ཁའི་རིག་གནས་མཉམ་འབྲེལ་ལྷན་ཚོགས་བཙུགས་པའི་དོན་སྙིང་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ད་ཐེངས་ཀྱི་ཚོགས་འདུ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཉེ་བའི་ལོ་ཤས་རིང་ཕན་ཚུན་འཚམས་འདྲི་བྱེད་རེས་བྱས་པ་ལས་བྱུང་བའི་གྲུབ་འབྲས་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། དུས་སྐབས་གསར་པར་རྒྱལ་ཁབ་གཉིས་པོའི་རིག་གནས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག ཀྲུང་ཁའི་རིག་གནས་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་བཅས་ཡིན་པས་ཀྲུང་ཁའི་རིག་གནས་ཁྱབ་ཁོངས་མཉམ་ལས་ལམ་སྲོལ་ཅན་དང་ཕུགས་ཕན་ཅན་གྱི་འགྲོ་ལམ་ཐོག་སླེབས་པ་མཚོན་ཡོད། དེས་ཕྱོགས་གཉིས་པོའི་རིག་གནས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྣེ་ཁྲིད་དང་སྐུལ་འདེད་ཐུབ་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།