འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཕུའུ་ཅིང་ཙུང་ཐུང་གི་འོས་མིའི་ནང་
    དངོས་སུ་བཅུག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུ་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་6ཉིན་ད་ལྟ་ཙུང་ཐུང་གི་འགན་འཁུར་བཞིན་པའི་ཕུའུ་ཅིང་སྐབས་རྗེས་མའི་ཙུང་ཐུང་གི་འོས་མིའི་ནང་དངོས་སུ་བཅུག་པའི་ཁྱབ་བསྒྲགས་བྱས་པ་དང་། སྐབས་དེ་དུས་ཕུའུ་ཅིང་རང་ཚུགས་འོས་མིའི་མིང་ཐོག་ནས་འདི་ལོའི་ཟླ་3པར་གཉེར་རྒྱུའི་ཙུང་ཐུང་གི་འདེམས་བསྐོའི་ནང་ཞུགས་རྒྱུ་ཡིན་པ་རེད།
         ཨུ་རུ་སུའི་ཙུང་ཐུང་གི་འདེམས་བསྐོ་འདི་ལོའི་ཟླ་3ཚེས་18ཉིན་བྱ་རྒྱུ་རེད། ཨུ་རུ་སུའི་དམངས་འདོད་བརྟག་དཔྱད་སྒྲིག་གཞིའི་ཨུ་རུ་སུ་ཡོངས་ཀྱི་གླེང་ཕྱོགས་ཞིབ་འཇུག་ལྟེ་གནས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་ཙུང་ཐུང་གི་འོས་མིར་རྒྱབ་སྐྱོར་བྱེད་ཚད་ཀྱི་བང་རིམ་ལས་མངོན་པ་ལྟར་ན། རིམ་པ་དང་པོར་གནས་པའི་ད་ལྟ་ཙུང་ཐུང་གི་འགན་འཁུར་བཞིན་པའི་ཕུའུ་ཅིང་ལ་རྒྱབ་སྐྱོར་བྱེད་མཁན་69.9%ཟིན་ཡོད་པ་དང་། རིམ་པ་གཉིས་པར་སླེབས་པའི་ཀོ་ལུའུ་ཅི་ཉིང་ལ་རྒྱབ་སྐྱོར་བྱེད་མཁན་7.2%ལས་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།