འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་རྒྱལ་ནང་གི་ཚོང་དོན་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཁྲི་10ཡི་འགག་སྒོ་ཆེ་མོ་
    ལས་ཐེངས་དང་པོ་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་1ཉིན་ཚོང་དོན་པུས་སྐོང་ཚོགས་བྱས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས། 2017ལོའི་རང་རྒྱལ་རྒྱལ་ནང་གི་ཚོང་དོན་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཁྲི་10.7ཟིན་ནས་སྒོར་དུང་ཕྱུར་ཁྲི་10ཡི་འགག་སྒོ་ཆེ་མོ་ལས་ཐེངས་དང་པོ་བརྒལ་བ་དེས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་13%ཙམ་ཟིན་པ་དང་བསྡུར་གྲངས་བཟུང་ཚད་བཟོ་སྐྲུན་ལས་རིགས་དང་མཉམ་ནས་རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་ཆེ་མོར་དངོས་འབྲེལ་གྱུར་ཡོད་ཅེས་བཤད།
         ཀའོ་ཧྥུང་གིས། 2017ལོ་ནི་རང་རྒྱལ་རྒྱལ་ནང་གི་ཚོང་དོན་བརྟན་པོའི་སྒོ་ནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་། གཞི་ཁྱོན་བརྟན་པོའི་སྒོ་ནས་ཆེ་རུ་ཕྱིན་པ། གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་བརྟན་པོའི་ངང་འཕར་རྒྱུ་དང་། གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ། དམངས་འཚོར་ཕན་འདོགས་རྒྱུ་བཅས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།