འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་ནུས་ཚད་མཐོ་ཤོས་ཀྱི་གློག་རླབས་མཉམ་བགྲོད་གློག་སྒུལ་འཕྲུལ་འཁོར་གྲུབ་
    འབྲས་ཐོབ་པའི་ངང་ཞིབ་འཇུག་གསར་བཟོ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་31ཉིན་ཧའར་པིན་གློག་ཤུགས་ཚོགས་པའི་ཁོངས་གཏོགས་ཀྱི་ཧའར་པིན་གློག་ཤུགས་སྒུལ་ཤུགས་སྒྲིག་ཆས་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་བཟོ་བྱས་པའི་རྒྱལ་ནང་གི་ནུས་ཚད་མཐོ་ཤོས་ཀྱི་གློག་རླབས་མཉམ་བགྲོད་གློག་སྒུལ་འཕྲུལ་འཁོར་80MWརླུང་ཁུང་གློག་འཁོར་གྱི་རྣམ་གྲངས་ཧྲིལ་པོའི་ཚོད་ལྟ་ལེགས་སྒྲུབ་ཟིན་པ་དང་ལག་རྩལ་དམིགས་ཚད་ཁག་ཇུས་འགོད་ཀྱི་བླང་བྱ་དང་མཐུན་ཡོད། མིག་སྔར་ཕྱིའི་མཐུད་ཁའི་གློག་སྒུལ་སྒྲིག་ཆས་དང་ཨང་སྒྲིག་ཡོ་ཆས་མྱུར་ཚད་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་དང་སྙོམས་སྒྲིག་ལས་དོན་སྤེལ་བཞིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 80MWརླུང་ཁུང་གློག་འཁོར་ནི་ཧའར་པིན་གློག་སྒུལ་སྒྲིག་ཆས་ཀུང་སིས་གན་རྒྱ་བཞག་པའི་རྒྱལ་ནང་གི་ནུས་ཚད་མཐོ་ཤོས་ཀྱི་གློག་རླབས་མཉམ་བགྲོད་གློག་སྒུལ་འཕྲུལ་འཁོར་རྣམ་གྲངས་ཡིན་པ་དང་གློག་འཁོར་གྱི་སྤྱིའི་ལྗིད་ཚད་ཏུན་300ལྷག་ཙམ་ཟིན་ཡོད། རྣམ་གྲངས་དེའི་གློག་འཁོར་འཆར་འགོད་དང་བཟོ་སྐྲུན་དཀའ་ཚད་ཧ་ཅང་ཆེ་བ་དང་། འཁོར་མདའ་ལས་སྣོན་དང་ལྷུ་ལག་སྒྲིག་སྦྱོར་ཐད་བླང་བྱ་དེ་བས་མཐོ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།