འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་ནུབ་ཚུགས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་ས་ཚུགས་ནང་གི་ཕྱོགས་
    སྟོན་ཞབས་ཞུའི་དྲ་རྒྱ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་དཔྱིད་གསར་སྐྱེལ་འདྲེན་ལ་བསུ་བ་ཞུ་ཆེད། པེ་ཅིང་ནུབ་ཚུགས་ས་ཁུལ་དོ་དམ་ཨུ་ལྷན་གྱིས་འགྲུལ་པ་ཚོར་རིག་ནུས་ཀྱི་གནས་གཏན་འཁེལ་གྱི་ཕྱོགས་སྟོན་ཞབས་ཞུའི་མ་ལག་བཟོས་ནས་ཕྱོགས་སྟོན་གྱི་བརྒྱུད་རིམ་ཧྲིལ་པོ་སྒྲའི་ཐོག་ནས་བསྟན་ཏེ། གནས་གཏན་འཁེལ་བྱ་ཡུལ་དང་ས་གནས་དངོས་དབར་ཆ་སྙོམས་ནོར་འཛོར་ཤོར་ཚད་སྨི་3ནང་ཚུན་དང་གནས་གཏན་འཁེལ་གྱི་སྒྲ་འདོན་ཐེངས་རེར་སྐར་ཆ་1.5ཡིན་པ་མ་ཟད། གནས་སའི་ཁང་པའི་ཕྱི་ནང་རང་དགར་བསྒྱུར་ཆོག ངོ་སྤྲོད་བྱས་པར་གཞིགས་ན། མ་ལག་དེ་ལན་ཡའི་བརྡ་རྟགས་མི་དགོས་པའི་རིག་ནུས་ཀྱི་གནས་གཏན་འཁེལ་ལག་རྩལ་རྨང་གཞིར་བྱས་པ་ཞིག་ཡིན་པས། ལག་ཐོགས་ཁ་པར་གྱི་དུད་སྣེར་GPSདང་འདྲ་བའི་ཁང་པའི་ནང་གི་གནས་གཏན་འཁེལ་གྱི་སྒུལ་བྱེད་མཁོ་འདོན་བྱས་ནས་འགྲུལ་པས“པེ་ཅིང་ཀུན་འཐུས”ཀྱི་ལག་ཐོགས་ཁ་པར་གྱི་APPབཤར་ཕབ་བྱས་པ་བརྒྱུད། པེ་ཅིང་ནུབ་ཚུགས་ས་ཁུལ་གྱི་གནས་གཏན་འཁེལ་དང་། ལམ་བུ་འཆར་འགོད། ཕྱོགས་སྟོན་བསྟུད་མར་བྱེད་པ་བཅས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ།
         “རིག་ནུས་ཀྱི་དཔྱིད་གསར་སྐྱེལ་འདྲེན”ཐད། བབས་ཚུགས་སུ་ཕྱོགས་སྟོན་ཐུབ་པ་ཕུད། པེ་ཅིང་ནུབ་ཚུགས་ས་ཁུལ་དོ་དམ་ཨུ་ལྷན་གྱིས་ད་དུང་ས་ཁོངས་གཙོ་བོ་30ལ་ཐེབ་གནོན་གཅིག་གིས་བློ་འདྲི་དང་ཉེན་གཏོང་བྱེད་པའི་མ་ལག་བསྒར་ནས་འགྲུལ་པའི་བློ་འདྲི་དང་འགྲུལ་པར་རོགས་རམ་བྱེད་པའི་ནུས་པ་ཆེ་རུ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།