འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་སྣོད་བཅུད་ནགས་སྲུང་བ་ཁྲི་37བསྡུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། 2016ལོ་ནས་2017ལོའི་བར། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་45སྤྱད་དེ་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)21དུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ཁྲོད་ནས་སྣོད་བཅུད་ནགས་སྲུང་བ་བསྡུ་བའི་ལས་དོན་སྤེལ་ཞིང་། མིག་སྔའི་བར་རྒྱལ་ཡོངས་ཀྱིས་སྣོད་བཅུད་ནགས་སྲུང་བ་ཁྲི་37ལྷག་ཙམ་བསྡུས་ནས་མི་འབོར་དབུལ་པོ་ཁྲི་130ལྷག་ཙམ་འབབ་འཕར་དབུལ་སྒྲོལ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།
         ནགས་ལས་ཁོངས་གཏོགས་ཀྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་དོན་འཁྱོལ་གྱི་གསར་གཏོད་རང་བཞིན་གྱི་བྱ་ཐབས་ཤིག་ཡིན་པའི་སྣོད་བཅུད་ནགས་སྲུང་བ་བསྡུ་བའི་ལས་དོན་སྤེལ་བ་ལས་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གཉིས་ཀར་ཕན་འབྲས་ཐོན་ཡོད། གཅིག་ནས་སྣོད་བཅུད་སྲུང་སྐྱོང་ནུས་ལྡན་བྱས་ཤིང་། རྒྱལ་ཡོངས་སུ་བདག་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་2188.64མང་དུ་ཕྱིན་ནས་མི་རེའི་བདག་སྐྱོང་རྒྱ་ཁྱོན་མུའུ་3800ལྷག་ཙམ་ཟིན་ཡོད། ས་ཁུལ་དབུལ་པོ་གནས་སའི་གཙང་པོ་དང་ཆུ་བོ་ཆེན་པོའི་སྟོད་རྒྱུད་དང་རི་ཁུག་སོགས་ཀྱི་རང་བྱུང་ནགས་ཚལ་དང་སྤྱི་ཕན་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་ནགས་ཚལ་མེ་སྐྱོན་སོགས་མིས་བཟོས་མངོན་མེད་རྐྱེན་ངན་ཆུང་དུ་ཆེས་ཆེར་ཕྱིན་པ་དང་ལྐོག་གཅོད་དང་ལྐོག་རྔོན་སོགས་ཀྱི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད། གཉིས་ནས་མི་འབོར་དབུལ་པོའི་དབུལ་སྒྲོལ་ལམ་བུ་རྒྱ་ཆེར་ཕྱིན་ནས་ཁོང་ཚོའི་ནང་གནས་འགུལ་ཤུགས་འཕེལ་ཡོད། ཕྱིར་སྐྱོད་ཐབས་བྲལ་བ་དང་། རོགས་སྐྱོར་བྱེད་པའི་ལས་རིགས་མེད་པ། དབུལ་སྒྲོལ་བྱེད་ནུས་མི་འདང་བ། མཐའ་མཚམས་བརྟན་སྲུང་བཅས་ཀྱི་མི་འབོར་དབུལ་པོར་ལས་ཞུགས་དང་དབུལ་སྒྲོལ་གོ་སྐབས་ཐོབ་ཡོད། 2016ལོར་བསྡུས་པའི་སྣོད་བཅུད་ནགས་སྲུང་བ་ཁྲི་28.8ཁྲོད་མི་འབོར་དབུལ་པོས་ཕྱེད་ཀ་ཙམ་བཟུང་བ་དང་ལས་ཞུགས་ཐུབ་རྗེས་མི་རེར་འབབ་འཕར་སྒོར་6944.4ཟིན་ནས་མི་ཁྲི་108འབབ་འཕར་དབུལ་སྒྲོལ་ཐུབ་རྒྱུར་གནད་སྨིན་སྣེ་ཁྲིད་ཐུབ་ཡོད། ས་ཆ་མི་ཉུང་བ་ཞིག་གིས་ལས་གནས་གསོ་སྦྱོང་བྱེད་པ་དང་ཆབས་ཅིག སྣོད་བཅུད་ནགས་སྲུང་བར་ཐོན་ལས་ལག་རྩལ་རེ་ཁོང་དུ་ཆུད་པ་བྱས་པས་མི་མང་པོ་ཞིག་དབུལ་སྒྲོལ་སྣེ་ཁྲིད་པར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།