འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཐད་གཏོང་རླངས་འཁོར་གྲོང་ཚོར་བཏང་ནས་རི་གྲོང་གི་དངོས་ཟོག་གྲོང་ཁྱེར་དུ་དབོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་12ཚུན་དུ། གྲོང་ཁྱེར་རིམ་པའི་གྲོང་གསེབ་ཀྱི་མཛུབ་སྟོན་པས་འབྲེལ་ལམ་བཙུགས་རྗེས་ཐུང་ལུའུ་རྫོང་པའེ་ཅང་གྲོང་རྡལ་ལེ་མིང་གྲོང་ཚོར་རི་གྲོང་གི་དངོས་ཟོག་ཧང་ཀྲོའུ་གྲོང་དུ་དབོར་བའི་ཕྱུག་འགྱུར་ཐད་གཏོང་རླངས་འཁོར་ཤར་གཏོང་ཐུབ་ནས་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་གཟའ་ཕུར་བུའི་སྔ་དྲོ་གྲོང་མིས་ཐོན་སྐྱེད་བྱས་པའི་འབྲས་དང་། ཞིང་ཁྱིམ་ཨ་རག ཕག་ཤ་སོགས་ཀྱི་ཞིང་ཞོར་ཁྱད་ལྡན་ཐོན་ཟོག་ཐད་ཀར་ཧང་ཀྲོའུ་རུ་དབོར་ནས་ཕྱིར་ཚོང་བྱས་པ་ལས་གྲོང་མིར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ཡོད། འདི་ནི་2018ལོའི་ཟླ་2ཚེས་1ཉིན་གྱི་སྔ་དྲོ། ཀྲེ་ཅང་ཞིང་ཆེན་ཐུང་ལུའུ་རྫོང་གི་པའེ་ཅང་གྲོང་རྡལ་ལེ་མིང་གྲོང་ཚོའི་གྲོང་མིས་རི་གྲོང་གི་ཞིང་ཞོར་ཁྱད་ལྡན་ཐོན་ཟོག“ཕྱུག་འགྱུར་ཐད་གཏོང་རླངས་འཁོར”ནང་དབོར་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།